མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་ལིང་གི་སྔོན་ཆད་ཀྱི་ཙུང་ཐུང་ཧཱ་ཐཱ་མུས་ཀྱིས་ལཱ་ཧྥུའུ་སང་ཅཱ་ནེ་ཙུང་ཐུང་འགྲན་རྩོད་ཁྲོད་ཞུགས་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པར་བཤད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-10 10:46

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་བཅོས་བསྒྱུར་ཕྱོགས་ཁག་གི་གཙོ་འཛིན། སྔོན་ཆད་ཀྱི་ཙུང་ཐུང་ཧཱ་ཐཱ་མུས་ཀྱིས་སྤྱི་ཟླ5བའི་ཚེས9ཉིན་བཤད་རྒྱུར། རང་ཉིད་ཙུང་ཐུང་འགྲན་རྩོད་ནང་ཞུགས་པའི་དུས་ལ་བབས་མེད་པས། སྔོན་ཆད་ཀྱི་ཙུང་ཐུང་ལཱ་ཧྥུའུ་སང་ཅཱ་ནེ་ཙུང་ཐུང་འགྲན་རྩོད་ཁྲོད་ཞུགས་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།

ཧཱ་ཐཱ་མུས་ཀྱིས་མི་སྒེར་གྱི་དྲ་ཚིགས་སྟེང་གསལ་སྒྲོག་སྤེལ་ཏེ། དབྱི་ལིང་གི་ཙུང་ཐུང་འདེམ་བསྐོའི་ལམ་ལུགས་ལ་ཞན་ཆ་ཡོད་པས་བཅོས་བསྒྱུར་བྱེད་འདོད་ཡོད་པའི་མི་ལ་གོ་སྐབས་ཐོབ་དཀའ་ཟེར། ཁོས་ད་རུང་ད་ལྟའི་གནས་ཚུལ་འགྱུར་ནས་དུས་ལ་བབས་པའི་སྐབས་སུ་ཁོ་ལ་ཐེ་ཚོམས་ཅི་ཡང་མེད་པར་ཙུང་ཐུང་འགྲན་རྩོད་ཁྲོད་ཞུགས་སྲིད་ཟེར། ཧཱ་ཐཱ་མུས་ལ་དབྱི་ལིང་གི་སློབ་གསོའི་ལས་རིགས་དང་མཁར་གྲོང་སྡོད་དམངས། དེ་མིན་བཅོས་བསྒྱུར་ཕྱོགས་ཁག་གི་མི་སྣའི་རྒྱབ་སྐྱོར་ཆེན་པོ་ཐོབ་ཡོད། ཧཱ་ཐཱ་མུས་ཀྱིས་ད་རུང་བསྟན་དོན། གལ་ཏེ་ལཱ་ཧྥུའུ་སང་ཅཱ་ནེ་ཙུང་ཐུང་འགྲན་རྩོད་ལ་ཞུགས་ན་ཁོས་གང་ནུས་ཀྱིས་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར། ཁོས་བཤད་རྒྱུར། གལ་ཏེ་ལཱ་ཧྥུའུ་སང་ཅཱ་ནེ་ལ་རྒྱལ་ཁ་ཐོབ་ན། མི་ཀུན་གྱི་རྒྱལ་ཁ་ཡིན་ལ་ཁོའི་རྒྱལ་ཁས་ང་ཚོ་དཀའ་ཁག་ལས་ཐར་བར་རོགས་རམ་བྱེད་ཐུབ་ཟེར།

གཏན་འཁེལ་ལྟར་ན། དབྱི་ལིང་གི་ཙུང་ཐུང་འདེམ་བསྐོ་ལ་ཞུགས་འདོད་མཁན་ཚོས་ངེས་པར་དུ་ཟླ་འདིའི་ཚེས11ཉིན་གྱི་སྔོན་ལ་འདེམ་བསྐོའི་ནང་ཞུགས་པའི་ཐོབ་ཐང་ཐོ་འགོད་རེ་ཞུ་བྱེད་དགོས་པ་རེད། དབྱི་ལིང་གི་རྩ་ཁྲིམས་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་རེ་ཞུ་མཁན་གྱི་ཐོབ་ཐང་ལ་ཞིབ་བཤེར་བྱས་ཏེ། གཟའ་འཁོར་གཉིས་ཙམ་གྱི་རྗེས་སུ་མཇུག་མཐའི་འདེམ་སྒུག་མི་སྣའི་མིང་ཐོབ་ཁྱབ་སྒྲོག་བྱེད་སྲིད། དབྱི་ལིང་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། མིག་སྔའི་བར་མི190ལྷག་གིས་ཐོ་འགོད་བྱས་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག