མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

བྷང་ག་ལཱ་ནས་ཡང་བསྐྱར་གྱོན་ཆས་བཟོ་གྲྭ་ཞིག་ལ་མེ་སྐྱོན་བྱུང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-10 10:46

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བྷང་ག་ལཱའི་རྒྱལ་ས་ཏཱ་ཁའ་གྲོང་ཁྱེར་ཉེ་འདབས་ཀྱི་ཐོག་ཁང་རྡིབས་པའི་དོན་རྐྱེན་ལས་སྤྱི་ཟླ5བའི་ཚེས9་ཉིན་བར་མི་སྟོང་ལ་ཉེ་རྐྱེན་ལམ་དུ་ཤོར་བ་དང་། རྒྱལ་ཁབ་དེའི་དཔོན་རིགས་ཀྱིས་ཉིན་དེར་བདེན་དཔང་བྱས་དོན། ཏཱ་ཁཱ་གྲོང་ཁྱེར་གྱི་གྱོན་ཆས་བཟོ་གྲྭ་ཞིག་ལ་ཚེས8ཉིན་གྱི་དགོང་མོར་མེ་སྐྱོན་བྱུང་སྟེ། ཉུང་མཐར་ཡང་མི8རྐྱེན་ལམ་དུ་ཤོར་བ་དང་མི10ལྷག་ལ་རྨས་ཕོག་ཟེར།

མེ་གསོད་སྡེ་ཁག་གི་དཔོན་རིགས་ཀྱི་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། མེ་གསོད་མི་སྣས་དུས་ཚོད4ཡི་རིང་ལ་འབད་འཐབ་བྱས་པས་ད་གཟོད་མེ་བསད་པ་དང་། མེ་སྐྱོན་དེ་ལས་མི8རྐྱེན་ལམ་དུ་ཤོར། གཞན་མི10ལྷག་ལ་རྨས་ཕོག་ཟེར། དོན་རྐྱེན་དེ་མཚོན་མོ་བྱུང་བ་ཡིན་པས་བཟོ་བ་ཚང་མ་བཟོ་གྲྭར་མེད་པས་མི་སྣའི་ཤི་རྨས་ཚབས་ཆེན་བཟོས་མེད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག