མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕུ་ལ་ཞི་མིས་ཨ་རི་དང་ཨུ་རུ་སུས་སི་རི་ཡའི་གནད་དོན་ཐད་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་བར་དགའ་བསུ་ཞུས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-05-10 10:45

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེའི་མགྲིན་ཚབ་པ་ནི་ཤེར་ཅིས་སྤྱི་ཟླ5བའི་ཚེས8ཉིན། མཉམ་འབྲེལ་རྒྱལ་ཚོགས་དང་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་སི་རི་ཡའི་ཉམས་ཉེན་གྱི་མཉམ་འབྲེལ་དམིགས་བསལ་སྐུ་ཚབ་ཕུ་ལ་ཞི་མེས་ཉིན་དེ་གར། ཨུ་རུ་སུ་དང་ཨ་རིས་སྤྱི་ཚེས7ཉིན་མོ་སི་ཁོར་སི་རི་ཡའི་གནད་དོན་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་བར་དགའ་བསུ་ཞུ་བའི་རྣམ་པ་བསྟན་ཡོད་པ་དང་། ཕུ་ལ་ཞི་མེས་དེ་སི་རི་ཡའི་ངོས་ནས་བརྗོད་ན་དུས་ཡུན་རིང་པོའི་ནང་མིར་རེ་བ་སྤྲོད་པའི་ཆ་འཕྲིན་དང་པོ་དེ་ཡིན་ཞེས་བསྟན་ཡོད།

ཕུ་ལ་ཞི་མེས། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འཛིན་རྒྱལ་ཁབ་ཁག་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེས་ཐུན་མོང་ཐོག་འབད་བརྩོན་བྱས་ནས། སྔ་རྩམ་འགོ་འཛུགས་དགོས་པའི་འཕེལ་རིམ་དེར་སྐུལ་འདེད་གཏོང་དགོས་པའི་རེ་འབོད་གནང་ཡོད་པ་མ་ཟད། འཕེལ་རིམ་ཁྲོད་སི་རི་ཡ་བ་ཚང་མས་གནས་བབ་གཙོ་བོ་བཟུང་དགོས་པ་དང་། ས་ཁུལ་དེས་ཀྱང་དུས་གཅིག་ཏུ་སྤྱི་ཡོངས་ཀྱི་སྟོབས་ཤུགས་སྐུལ་སློང་བྱས་ནས་འཕེལ་རིམ་ལ་རྒྱབ་སྐྱོར་བྱེད་དགོས་ཞེས་ནན་བཤད་གནང་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག