མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་ཐཱ་ལེའི་གྲུ་གཟིངས་ཤིག་ཕྱོགས་སྟོན་ལྕགས་སྡོང་ལ་ཐོ་བརྒྱབ་སྟེ་ཉུང་མཐར་ཡང་མི8རྐྱེན་ལམ་དུ་ཤོར་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-09 10:52

1.jpg

 སྤྱི་ཟླ5བའི་ཚེས7ཉིན། དབྱི་ཐཱ་ལེའི་ནུབ་བྱང་ཕྱོགས་ཀྱི་གྲུ་ཁའི་གྲོང་ཁྱེར་རི་ནཱ་ཡཱ་ནས་གྲུ་གཟིངས་ཤིག་ཕྱོགས་སྟོན་ལྕགས་སྡོང་ལ་ཐོ་བརྒྱབ་པའི་དོན་རྐྱེན་བྱུང་། པར་འདི་ནི་ཐོ་བརྒྱབ་པའི་ཕྱོགས་སྟོན་ལྕགས་སྡོང་རེད།

2.jpg

  སྤྱི་ཟླ5བའི་ཚེས7ཉིན། དབྱི་ཐཱ་ལེའི་ནུབ་བྱང་ཕྱོགས་ཀྱི་གྲུ་ཁའི་གྲོང་ཁྱེར་རི་ནཱ་ཡཱ་ནས་གྲུ་གཟིངས་ཤིག་ཕྱོགས་སྟོན་ལྕགས་སྡོང་ལ་ཐོ་བརྒྱབ་པའི་དོན་རྐྱེན་བྱུང་། པར་འདི་ནི་ཐོ་བརྒྱབ་པའི་ཕྱོགས་སྟོན་ལྕགས་སྡོང་རེད།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ཐཱ་ལེའི་ནུབ་བྱང་ཕྱོགས་ཀྱི་གྲུ་ཁའི་གྲོང་ཁྱེར་རི་ནཱ་ཡཱ་ནས་སྤྱི་ཟླ5བའི་ཚེས7ཉིན་གྲུ་གཟིངས་ཤིག་ཕྱོགས་སྟོན་ལྕགས་སྡོང་ལ་ཐོ་བརྒྱབ་པའི་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་མི8རྐྱེན་ལམ་དུ་ཤོར།

  དོན་རྐྱེན་དེ་ཚེས7ཉིན་གྱི་དགོང་མོའི་དུས་ཚོད11ཡས་མས་སུ་བྱུང་བ་དང་། ཧེ་ཆའོ་ལེ་རྟགས་ཅན་གྱི་གྲུ་གཟིངས་དེ་རི་ནཱ་ཡཱ་ནས་ལྷོ་ཕྱོགས་ཀྱི་ཞི་ཞི་ལི་གླིང་ཕྲན་གྱི་མའོ་ཞི་ནཱ་གྲོང་ཁྱེར་དུ་ཆས་བཞིན་ཡོད་ལ། གྲུ་གཟིངས་དེ་གྲུ་ཁ་དང་འབྲལ་སྐབས་ནོར་འཁྲུལ་གྱིས་ཁ་ལོ་བྱས་པའི་དབང་གིས་ཐོ་བརྒྱབ་པའི་དོན་རྐྱེན་བྱུང་བ་རེད།

  དབྱི་ཐཱ་ལེའི་མཚོ་འགྲམ་ཉེན་སྲུང་རུ་ཁག་གི་མགྲིན་ཚབ་པ་མཱ་ལི་ནེ་ཡིས་གསར་འགོད་པར་བཤད་རྒྱུར། ཤི་བོའི་བེམ་པོ5རྙེད་པ་དང་བེམ་པོ2མཐོང་ཡང་ད་རུང་མཚོ་ཁར་བླངས་མེད་ཟེར།

  དོན་རྐྱེན་བྱུང་རྗེས་ནས་དུས་ཚོད12འགོར་རྗེས་ལོ50ཡིན་པའི་སྐྱེས་པ་ཞིག་ཞིག་རོའི་ཁྲོད་ནས་བསྐྱབས་པ་དང་། མྱུར་མོར་སྨན་ཁང་དུ་བསྐྱལ། ཉུང་མཐར་ཡང་མི1གར་སོང་མ་རྙེད། ཡིན་ན་ཡང་གསར་འགྱུར་ལས་རིགས་ལ་ལས་བསྒྲགས་པའི་གནས་ཚུལ་ལྟར་ན་མི3གར་སོང་མ་རྙེད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག