མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ནི་ཀྲེ་རི་ཡཱའི་བདེ་འཇགས་ལས་ཁུངས་མང་བོར་འཇབ་རྒོལ་ཐེབས་ཏེ་མི55རྐྱེན་ལམ་དུ་ཤོར་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-09 10:52

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནི་ཀྲེ་རི་ཡཱའི་དམག་ཕྱོགས་ཀྱིས་སྤྱི་ཟླ5བའི་ཚེས7ཉིན་བདེན་དཔང་བྱས་དོན། ནི་ཀྲེ་རི་ཡཱའི་བྱང་ཤར་ཕྱོགས་ཀྱི་པོར་ནོའུ་ཀྲིག་གི་བདེ་འཇགས་ལས་ཁུངས་མང་བོར་ཉིན་དེར་དུས་མཉམ་དུ་ནི་ཀྲེ་རི་ཡཱའི་དབྱི་སི་ལན་ཐལ་སྤྱོད་རྩ་འཛུགས་པའོ་ཁི་གནས་མཆོག་ཅེས་པའི་དྲག་ཆས་ཉེས་ཅན་གྱི་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་མི55རྐྱེན་ལམ་དུ་ཤོར་ཟེར།

པོར་ནོའུ་ཀྲིག་ཏུ་སྡོད་པའི་ནི་ཀྲེ་རི་ཡཱའི་དམིགས་བསལ་འགུལ་སྐྱོད་དམག་དཔུང་གི་མགྲིན་ཚབ་པ་མུའུ་སཱ་ཡིས་བཤད་རྒྱུར། ས་དེའི་ཚེས7ཉིན་གྱི་ཞོགས་པའི་དུས་ཚོད་ལྔ་ཡས་མས་སུ་པའོ་ཁི་གནས་མཆོག་ཅེས་པའི་རྩ་འཛུགས་ཀྱི་ཁོངས་གཏོགས་དྲག་ཆས་ཉེས་ཅན་ཉིས་བརྒྱ་ཙམ་གྱིས་དུས་མཉམ་དུ་པོར་ནོའུ་ཀྲིག་གི་ལྟེ་གནས་གྲོང་ཁྱེར་མེད་ཏུའུ་ཀུའུ་ལི་དང་བར་ཐག་སྤྱི་ལེ་བརྒྱ་དང་གྱ་བདུན་ཡོད་པའི་པཱ་མཱ་གྲོང་རྡལ་གྱི་དམག་སྒར་དང་ཉེན་རྟོག་ཅུའུ། བཙོན་ཁང་སོགས་བདེ་འཇགས་ལས་ཁུངས་མང་བོར་འཇབ་རྒོལ་བྱས་ཏེ། ཉུང་མཐར་ཡང་མི55རྐྱེན་ལམ་དུ་ཤོར། དེའི་ནང་ཉེན་རྟོག་པ22དང་། བཙོན་སྲུང་ཉེན་རྟོག་པ14། དམག་མི2བཅས་འཁྲུག་རྩོད་བྱེད་སྐབས་རྐྱེན་ལམ་དུ་ཤོར་བ་དང་། དྲག་ཆས་ཉེས་ཅན10བསད། གཞན་ཡང་བྱིས་པ་དང3དང་གྲོང་ཁྱེར་སྡོད་དམངས་རེ་འགའ་ཡང་འཇབ་རྒོལ་ཁྲོད་རྐྱེན་ལམ་དུ་ཤོར་ཟེར།

མུའུ་སཱ་ཡིས་བཤད་རྒྱུར། དྲག་ཆས་ཉེས་ཅན་གྱིས་བཙོན་ཁང་དུ་འཇབ་རྒོལ་བྱས་རྗེས་བཙོན་མ105ཕྱིར་བཏང་བ་དང་། གཞན་ད་རུང་ཉེན་རྟོག་ཅུའུ་དང་དམག་སྒར། ས་གནས་སྲིད་གཞུང་གི་དྲུང་ཡིག་ཁྲུའུ་སོགས་སུ་མེ་བཞག་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག