མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོང་གོ་ཅིན་དུ་ཡོད་པའི་ཞི་བདེ་སྲུང་སྐྱོབ་དམག་དཔུང་ལ་འཇབ་རྒོལ་ཐེབས་པའི་དོན་རྐྱེན་ལ་རྒོལ་གཏམ་དྲག་པོ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-09 10:52

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་སྤྱི་ཟླ5བའི་ཚེས8ཉིན་གསར་འགྱུར་ལས་རིགས་ལ་གསལ་སྒྲོག་སྤེལ་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོང་གོ་ཅིན་དུ་ཡོད་པའི་བརྟན་འཇགས་ཆེད་མངག་ཚོགས་པའི་དམག་བཀོལ་རླངས་འཁོར་རུ་ཁག་ཅིག་ལ་ཚེས7ཉིན་རྒྱལ་ཁབ་དེའི་ཅི་བུའུ་ལྷོ་མ་ཞིང་ཆེན་ནས་ཐོབ་ཐང་གསལ་བོར་མི་ཤེས་པའི་དྲག་ཆས་ཉེས་ཅན་གྱི་འཇབ་རྒོལ་ཐེབས་ཏེ། ཕ་ཡུལ་ཕཱ་ཁི་སི་ཐན་གྱི་ཡིན་པའི་ཞི་བདེ་སྲུང་སྐྱོབ་དམག་མི1རྐྱེན་ལམ་དུ་ཤོར་བ་དང་། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་དོན་དེར་རྒོལ་གཏམ་དྲག་པོ་བཏང་།

གསལ་སྒྲོག་ལས་བཤད་རྒྱུར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཤི་བོའི་ཁྱིམ་མི་དང་ཕཱ་ཁི་སི་ཐན་སྲིད་གཞུང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོང་གོ་ཅིན་དུ་ཡོད་པའི་བརྟན་འཇགས་ཆེད་མངག་ཚོགས་པ་བཅས་ལ་འཚམས་འདྲི་བྱས་པར་མ་ཟད། ཁོང་གོ་ཅིན་སྲིད་གཞུང་གིས་མྱུར་མོར་དོན་རྐྱེན་དེར་རྩད་གཅོད་བྱས་ཏེ་ནག་ཉེས་བཟོ་མཁན་ཁྲིམས་ལ་སྦྱོར་དགོས་པའི་འབོད་སྐུལ་བཏང་། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ད་རུང་བདེ་འཇགས་བྱེད་ཐབས་ལ་ཤུགས་སྣོན་བྱེད་པ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་དམག་དཔུང་དང་ཉེན་རྟོག་པ། དམག་དོན་ལྟ་ཞིབ་པ། ཁྱད་པར་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོང་གོ་ཅིན་དུ་ཡོད་པའི་བརྟན་འཇགས་ཆེད་མངག་ཚོགས་པའི་དམག་དོན་མ་ཡིན་པའི་ལྟ་ཞིབ་པའི་བདེ་འཇགས་དང་བདེ་སྲུང་ཆ་རྐྱེན་ལེགས་བཅོས་བྱེད་དགོས་པ་བསྐྱར་སྒྲོག་བྱས།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་བུན་གྱིས་ཚེས7ཉིན་གྱི་དགོང་མོར་ཁོའི་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། དོན་རྐྱེན་དེར་རྒོལ་གཏམ་དྲག་པོ་བཏང་བར་མ་ཟད། ཞི་བདེ་སྲུང་སྐྱོབ་མི་སྣར་གནོད་སྐྱེལ་བ་དེ་འཐབ་འཁྲུག་གི་ནག་ཉེས་གྲུབ་ཡོད་པ་བསྐྱར་སྒྲོག་བྱས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོང་གོ་ཅིན་དུ་ཡོད་པའི་བརྟན་འཇགས་ཆེད་མངག་ཚོགས་པས་འཇབ་རྒོལ་དོན་རྐྱེན་དེར་རྟོག་ཞིབ་བྱེད་བཞིན་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག