མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

བྱང་ཆིངས་སྒྲིག་འཛུགས་ཀྱིས་སི་རི་ཡར་དམག་དོན་ཐེ་ཇུས་བྱེད་རྒྱུའི་བསམ་བློ་མེད་པ་བསྐྱར་བཤད་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-05-08 11:36

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བྱང་ཆིངས་སྒྲིག་འཛུགས་ཀྱི་དྲུང་ཆེ་ལ་སི་མུ་སན་གྱིས་སྤྱི་ཟླ5བའི་ཚེས6ཉིན། བྱང་ཆིངས་སྒྲིག་འཛུགས་ཀྱིས་སི་རི་ཡའི་གནད་དོན་ཐད་འཛིན་པའི་ལངས་ཕྱོགས་ལ་འགྱུར་བ་ཕྱིན་མེད་པ་དང་། ཁོང་ཚོའི་ལས་འགན་ནི་སྔར་བཞིན་ཁོངས་གཏོགས་རྒྱལ་ཁབ་ཐུར་ཁེའི་བདེ་འཇགས་སྲུང་སྐྱོབ་བྱ་རྒྱུ་དེ་ཡིན་པ་ལས་སི་རི་ཡར་དམག་དོན་ཐེ་ཇུས་བྱེད་རྒྱུའི་བསམ་བློ་མེད་ཅེས་བསྐྱར་བཤད་བྱས།

ལ་སི་མུ་སན་གྱིས་སི་རི་ཡའི་དུས་བབ་གསར་ཤོས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འབད་བརྩོན་དེ་བས་ཆེ་བ་བྱས་ཏེ། སི་རི་ཡའི་ཉམས་ཉེན་ཆབ་སྲིད་ཐོག་ནས་ཐག་གཅོད་བྱེད་པའི་ཇུས་གཞི་གང་མགྱོགས་འཚོལ་ཐུབ་པ་བྱེད་དགོས་པའི་རྣམ་པ་བསྟན།

རྫས་འགྱུར་མཚོན་ཆའི་གནད་དོན་ཐད། ལ་སི་མུ་སན་གྱིས་སི་རི་ཡའི་མངའ་ཁོངས་ནང་རྫས་འགྱུར་མཚོན་ཆ་བེད་སྤྱོད་བཏང་བའི་སྣང་ཚུལ་ཐོན་ཡོད། འོན་ཀྱང་མིག་སྔར་ཕྱོགས་གང་ཞིག་གིས་རྫས་འགྱུར་མཚོན་ཆ་བེད་སྤྱོད་བཏང་བ་ར་སྤྲོད་ཐུབ་པའི་དཔང་རྟགས་རྙེད་མེད་ཅེས་གསུངས་པ་དང་། ཁོང་གིས་དབྱི་རག་དམག་འཁྲུག་གི་ཉམས་མྱོང་དང་བསླབ་བྱར་གཞིགས་ན། མིག་སྔར་མཉམ་འབྲེལ་རྒྱལ་ཚོགས་བརྟག་དཔྱད་ཚོགས་ཆུང་གིས་སི་རི་ཡར་ཕྱིན་ནས་བརྟག་དཔྱད་བྱས་རྗེས་དཔང་རྟགས་ཁུངས་བཙན་རག་ཐུབ་པ་བྱེད་རྒྱུ་དེ་གལ་ཆེ་ཤོས་ཡིན་ཞེས་གསུངས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག