མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཀྲུང་ཧྥའི་ཉོ་ཚོང་འགྲོ་འོང་དང་མཐའ་མཚམས་བརྒལ་ནས་མ་འཇོག་བྱེད་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་ཧྥ་རན་སིའི་དམིགས་འབེན་དང་པོ་ཡིན།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-05-08 11:36

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སིའི་ཕྱི་འབྲེལ་པུའི་པུའུ་ཀྲང་ལོ་ལང་ཧྥ་པི་ཡུ་སིས་སྤྱི་ཟླ5བའི་ཚེས6ཉིན་ཤང་ཀང་དུ། ཧྥ་རན་སི་དང་ཀྲུང་གོའི་ཉོ་ཚོང་འགྲོ་འོང་དང་མཐའ་མཚམས་བརྒལ་བའི་མ་འཇོག་ལ་སྐུལ་འདེད་གཏོང་རྒྱུ་དེ་ཧྥ་རན་སིའི་མིག་སྔའི་དམིགས་འབེན་དང་པོ་ཡིན་ཞེས་བསྟན་པ་དང་། ཁོང་གིས་ད་དུང་། ཀྲུང་གོའི་དཔལ་འབྱོར་བརྗེ་བསྒྱུར་ཕྱིན་པ་དང་བསྟུན། རྒྱལ་ཁབ་གཉིས་པོས་ཁྱབ་ཁོངས་གསར་པའི་ནང་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་ཡོད་པ་རེད།

ཧྥ་པི་ཡུ་སིས་ཉིན་དེ་གར་ཉིན་གུང་གི་གསོལ་སྟོན་ཞིག་ལ་ཞུགས་དུས། ཧྥ་རན་སི་དང་ཀྲུང་གོས་ཕན་ཚུན་འཐབ་ཇུས་མཉམ་ལས་རོགས་པར་བརྩི་བ་དང་། རྒྱལ་ཁབ་གཉིས་པོའི་ད་ལྟ་དང་མ་འོངས་ཀྱི་འབྲེལ་བའི་འཕེལ་ཚུལ་ཡང་ཕན་ཚུན་ཡིད་ཆེས་དང་ཡུན་རིང་གོང་འཕེལ་གྱི་འཐབ་ཇུས་མིག་རྒྱང་ལ་རགས་ལུས་ཡོད་ཅེས་བསྟན་པ་དང་། ཧྥ་པི་ཡུ་སིས་སྤྱི་ཚེས5ཉིན་དང་ཚེས6ཉིན་ཤང་ཀང་དུ་འཚམས་འདྲི་གནང་བར་ཕེབས་སྐབས། ང་རང་ད་ཐེངས་ཤང་ཀང་ལ་འཚམས་འདྲིར་ཡོང་བ་དེ་ཧྥ་རན་སིས་ཀྲུང་གོའི་བར་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཆེན་པོ་ཡོད་པ་མཚོན་ཆེད་ཡིན་ཞེས་གསུངས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག