མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་ཧྥེ་རི་ཁ་གླིང་གི་གསང་འཕྲིན་དང་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་བདེ་འཇགས་གནད་དོན་ཐད་གྲོས་མོལ་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-05-08 11:36

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥེ་རི་ཁ་གླིང་གི་གསང་འཕྲིན་དང་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་སྤྱི་ཟླ5བའི་ཚེས6ཉིན་ཙམ་པི་ཝེའི་རྒྱལ་ས་ཧ་ལ་ལེར་གྲོས་ཚོགས་ཐེངས་བཅུ་པ་སྐོང་འཚོགས་བྱས་ཡོད་པ་རེད།

ཨ་ཧྥེ་རི་ཁ་གླིང་རྒྱལ་ཁབ་མནའ་འབྲེལ་གྱི་ཞི་བདེ་དང་བདེ་འཇགས་ཀྲོན་ཡོན་ལ་མ་མུ་ལས་གྲོས་ཚོགས་ཐོག ཨ་ཧྥེ་རི་ཁ་གླིང་སྐམ་ས་ཆེན་མོའི་ས་ཁུལ་མི་ཉུང་བ་ཞིག་ཏུ་ད་བར་ཁྲག་དོན་གདོང་ཐུག་སྔར་བཞིན་ཐོན་གྱི་ཡོད་པའི་ནན་བཤད་བྱས་ཡོད་པ་དང་། ལ་མ་མུ་ལས། ཧྥ་རན་སིའི་དམག་དཔུང་གིས་མ་ལིའི་ཉམས་ཉེན་ལ་ཐེ་ཇུས་བྱས་པ་དེ་ཨ་ཧྥེ་རི་ཁ་གླིང་དུ་སྤྱི་ཡོངས་རང་བཞིན་ངེས་ཅན་ལྡན་ཡོད་པ་དང་། ཨ་ཧྥེ་རི་ཁ་གླིང་སྐམ་ས་ཆེན་མོས་རང་ཉིད་ཀྱི་སྟོབས་ཤུགས་ལ་བརྟེན་ནས་བདེ་འཇགས་གནད་དོན་ཐག་གཅོད་བྱེད་ཁག་པོ་ཡོད་པ་མངོན་གྱི་ཡོད་ཅེས་གསུངས་ཡོད་པ་དང་། ཁོང་གིས་ཨ་ཧྥེ་རི་ཁ་གླིང་རྒྱལ་ཁབ་ཁག་གི་གསང་འཕྲིན་དང་བདེ་འཇགས་ཚན་པས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། མཉམ་སྡེབ་ཐོག་བདེ་འཇགས་ཉམས་ཉེན་ལ་ཁ་གཏད་གཅོག་པའི་ནུས་པ་མཐོ་རུ་གཏོང་རྒྱུའི་རེ་འབོད་གནང་ཡོད་པ་རེད།

ཙམ་པི་ཝེའི་ཙུང་ཐུང་མུ་ཅ་པེས་ད་རེས་ཀྱི་ཚོགས་ཆེན་གྱི་འགོ་འཛུགས་མཛད་སྒོའི་ཐོག་ཤིས་ཚིག་གསུངས་སྐབས། སྤྱི་ལོ1990ལོ་ནས་བཟུང་། ཨ་ཧྥེ་རི་ཁ་གླིང་སྐམ་ས་ཆེན་མོར་ཉུང་མཐར་ཡང་གཞི་ཁྱོན་ཆེ་བའི་དྲག་ཆས་གདོང་ཐུག་ཐེངས20ཙམ་ཐོན་ཡོད་པ་དང་། གདོང་ཐུག་གིས་ཨ་ཧྥེ་རི་ཁ་གླིང་ལ་ལོ་ལྟར་དཔལ་འབྱོར་གྱོང་གུན་ཨ་སྒོར་དུང་ཕྱུར180ཙམ་བཟོས་ཡོད་ལ། ཨ་ཧྥེ་རི་ཁ་གླིང་དུ་ནུབ་ཕྱོགས་སྟོབས་ཤུགས་ཀྱི་དམག་དོན་གནས་རྒྱུར་ཁ་གཡར་ས་མཁོ་འདོན་བྱས་ཡོད་ཅེས་གསུངས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག