མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཅོར་ཏན་གྱིས་སི་རི་ཡའི་ཁྲག་འདོན་གདོང་གཏུག་གང་མགྱོགས་མཇུག་སྒྲིལ་དགོས་པར་རེ་འབོད་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-05-08 11:35

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཅོར་ཏན་གྱི་ཕྱི་འབྲེལ་བློན་ཆེན་ན་སེར་ཀྲུའུ་ཟླས་སྤྱི་ཟླ5བའི་ཚེས6ཉིན་ཨན་མན་དུ་འཚམས་འདྲི་གནང་བཞིན་པའི་ཐུར་ཁེའི་ཙུང་ཐུང་གི་མཐོ་རིམ་བློ་འདྲི་ཡུལ་ཧེ་མུ་ལུ་དང་གྲོས་མོལ་གནང་སྐབས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་གང་མགྱོགས་ཆབ་སྲིད་ཐོག་ནས་ཐག་གཅོད་ཐུབ་པའི་ཇུས་གཞི་ཞིག་འཚོལ་ཞིབ་བྱས་ཏེ་སི་རི་ཡའི་ཁྲག་འདོན་གདོང་གཏུག་མཇུག་སྒྲིལ་བ་བྱེད་དགོས་པ་དང་། སི་རི་ཡའི་རྒྱལ་ཁབ་ཀྱི་བདེ་འཇགས་དང་གཅིག་གྱུར་སྲུང་སྐྱོབ་བྱེད་དགོས་ཞེས་ནན་གྱིས་བཏོན་པ་དང་། ཀྲའུ་ཟླས་ད་དུང་། སི་རི་ཡའི་ཡུལ་གྱར་བ་ཁྲི་སྟོང་མང་པོ་ཅོར་ཏན་དུ་སླེབས་ཡོད། ཅོར་ཏན་གྱིས་དཔལ་འབྱོར་དཀའ་ངལ་ཆེ་བའི་གནས་ཚུལ་འོག་སྔར་བཞིན་ཡུལ་གྱར་བར་མི་ཆོས་རིང་ལུགས་ཀྱི་ཞབས་ཞུ་མཁོ་འདོན་བྱས་ཡོད་ཅེས་གསུངས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག