མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མའོ་ཞི་ཀི་རྒྱལ་ཁབ་ནས་སོལ་རླངས་དྲུད་པའི་རླངས་འཁོར་ཞིག་འགས་གཏོར་བྱུང་སྟེ་མི18རྐྱེན་ལམ་དུ་ཤོར་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-08 11:35

mxg.jpg

  སྤྱི་ཟླ5བའི་ཚེས7ཉིན། མའོ་ཞི་ཀིའི་དབུས་ཕྱོགས་ཀྱི་མའོ་ཞི་ཀི་ཀྲིག་ཨེ་ཁཱ་ཐི་ཕའེ་ཁི་གྲོང་ཁྱེར་གྱི་མའོ་ཞི་ཀི་མཁར་ནས་ཕཱ་ཁྲུའུ་ཁཱ་བར་གྱི་གཞུང་ལམ་སྟེང་ནས། མེ་གསོད་མི་སྣ་དང་ས་དེའི་ཉེན་རྟོག་པས་སོལ་རླངས་དྲུད་པའི་རླངས་འཁོར་འགས་གཏོར་བྱུང་སར་རྒུད་སྐྱོབ་བྱ་བ་སྤེལ་བཞིན་པ།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མའོ་ཞི་ཀིའི་དབུས་ཕྱོགས་ཀྱི་མའོ་ཞི་ཀི་ཀྲིག་ནས་སྤྱི་ཟླ5བའི་ཚེས7ཉིན་སོལ་རླངས་དྲུད་པའི་རླངས་འཁོར་ཞིག་འགས་གཏོར་བྱུང་བའི་དོན་རྐྱེན་བྱུང་། མིག་སྔར་མི18རྐྱེན་ལམ་དུ་ཤོར།

  མའོ་ཞི་ཀི་ཀྲིག་སྤྱི་པའི་བདེ་འཇགས་པུའུ་ཡིས་སྤེལ་བའི་གསར་འགྱུར་སྤྱི་སྒྲོག་ལས་བཤད་རྒྱུར། དོན་རྐྱེན་དེ་ཨེ་ཁཱ་ཐི་ཕའེ་ཁི་གྲོང་ཁྱེར་གྱི་མའོ་ཞི་ཀི་མཁར་ནས་ཕཱ་ཁྲུའུ་ཁཱ་བར་གྱི་གཞུང་ལམ་སྟེང་བྱུང་བ་དང་། མིག་སྔའི་བར་འགས་གཏོར་དོན་རྐྱེན་དེ་ལས་མི་བཅོ་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་། མི་སོ་དྲུག་ལ་རྨས་ཕོག རྨས་མ་རྣམས་ཉེ་འདབས་ཀྱི་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱེད་བཞིན་ཡོད་ཟེར། ཁོས་བསྟན་དོན། འགས་གཏོར་དོན་རྐྱེན་དེ་ལས་ཉེ་འཁོར་གྱི་རླངས་འཁོར་བཅོ་ལྔ་དང་དམངས་ཀྱི་ཁང་བ་གྱན་ཉི་ཤུ་ལྷག་ལ་ཚད་མི་འདྲ་བའི་གཏོར་བརླག་ཐེབས་ཡོད། མིག་སྔར་དོན་རྐྱེན་བྱུང་སའི་མེ་སྐྱོན་ལ་ཚོད་འཛིན་བྱས་ཡོད་ཟེར།

  ས་དེའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། སོལ་རླངས་དྲུད་པའི་རླངས་འཁོར་དེ་ལམ་དུ་བགྲོད་སྐབས་མྱུར་ཚད་མགྱོགས་དྲགས་ནས་ཁ་ལོ་མ་ཐུབ་པར་གཞུང་ལམ་དཀྱིལ་གྱི་ལན་ཀན་ལ་ཐོ་བརྒྱབ་ནས་མཇུག་མཐར་འགས་གཏོར་བྱུང་བ་རེད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག