མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཁྲའོ་ཞན་གྱི་གསར་འགྱུར་ལས་རིགས་ཀྱིས་ཨ་མེ་རི་ཁ་དང་ཧན་གོས་སེམས་ཆུང་བྱེད་དགོས་པའི་ཉེན་བརྡ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-08 11:35

cx.jpg

  ཁྲའོ་ཞན་ངལ་རྩོལ་ཏང་གི་ཧྲུའུ་ཅི་དང་པོ། རྒྱལ་སྲུང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་དང་པོ། མི་དམངས་དམག་གི་ཆེས་མཐོའི་དམག་སྤྱི་ཅིན་ཀྲིན་ཨིན་གྱིས་སྤྱི་ཟླ5བའི་ཚེས5ཉིན་དམག་མིའི་འཛུགས་སྐྲུན་མཁན་གྱིས་གསར་དུ་ལས་པའི་རྒྱལ་ཁབ་ཚན་རིག་གླིང་སྐྱེ་དངོས་བཟོ་སྐྲུན་རིག་པའི་ཡན་ལག་སློབ་གླིང་དུ་ལྟ་སྐོར་བྱེད་བཞིན་པ།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་སྤྱི་ཟླ5བའི་ཚེས7ཉིན་དཔྱད་བརྗོད་སྤེལ་ཏེ། ཨ་མེ་རི་ཁ་དང་ཧན་གོས་བསྟུད་མར་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་བ་ནི་འཆར་གཞི་ལྡན་པའི་དཀྲུག་འཕེན་བྱ་སྤྱོད་ཅིག་ཡིན་པ་དང་། ཨ་མེ་རི་ཁ་དང་ཧན་གོ་རྒྱལ་ཁབ་གཉིས་ཀྱིས་སེམས་ཆུང་བྱེད་དགོས་པའི་ཉེན་བརྡ་བཏང་བར་མ་ཟད། ཁྲའོ་ཞན་གྱི་དྲག་ཆས་སྟོབས་ཤུགས་ཀྱིས་ཧན་གོར་གློ་བུར་དུ་ཕར་རྒོལ་བྱེད་པའི་གྲ་སྒྲིག་གང་ལེགས་བྱས་ཡོད་ཟེར།

  དཔྱད་བརྗོད་ལས་བཤད་རྒྱུར། ཨ་མེ་རི་ཁ་དང་ཧན་གོ་རྒྱལ་ཁབ་གཉིས་ཀྱིས་ཉེ་སྔོན་བསྟུད་མར་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་བ་ནི་ཁྲའོ་ཞན་ཕྱེད་གླིང་དུ་འཐབ་འཁྲུག་སློང་འདོད་པའི་འཆར་གཞི་ལྡན་པའི་དཀྲུག་འཕེན་བྱ་སྤྱོད་ཅིག་རེད། ཉིང་རྡུལ་ནུས་པའི་མཚོན་ཆ་སོགས་ཁྲའོ་ཞན་ཕྱེད་གླིང་དུ་གཅིག་བསྡུས་བྱས་ཀྱང་གནས་འདིར་འཐབ་འཁྲུག་ལ་སྔོན་འགོག་བྱེད་པའི་ལས་ཁུངས་སོགས་གང་ཡང་མེད་ལ། གནས་འདིར་ས་གནས་ག་གེ་མོའི་བྱེ་བྲག་གི་འཐབ་འཁྲུག་ཅིག་གཏན་ནས་འབྱུང་མི་སྲིད། གཞི་རྒྱ་ཆེ་བའི་དཀྲུག་འཕེན་བྱ་སྤྱོད་གང་རུང་གིས་ཕྱོགས་གཉིས་བར་གྱི་ས་ཁུལ་གྱི་འཐབ་འཁྲུག་དེ་མཇུག་མཐར་འཛམ་གླིང་འཁྲུག་ཆེན་གསར་བ་ཞིག་བསྒྱུར་སྲིད་ཟེར།

  དོན་དངོས་ལས་ཨ་མེ་རི་ཁས་ཁྲའོ་ཞན་ལ་འཇིགས་སྐུལ་བའི་སྲིད་ཇུས་དེར་བཅོས་བསྒྱུར་གང་ཡང་བྱུང་མེད་པ་ར་སྤྲོད་བྱུང་ཡོད་པས། ཁྲའོ་ཞན་གྱིས་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པའི་ཐབས་ལམ་གདམ་གསེས་བྱས་པ་ཧ་ཅང་ཡང་དག་རེད་ཟེར།

  དཔྱད་བརྗོད་ལས་དགྲ་བོས་ཁྲའོ་ཞན་གསར་བརྗེ་དྲག་ཆས་སྟོབས་ཤུགས་ཀྱིས་མི་དམངས་དམག་ལྷོ་ནུབ་གཡུལ་སའི་དམག་སྤྱི་ཁང་བརྒྱུད་དེ་སྤེལ་བའི་ཉེན་བརྡ་ལ་སེམས་ཆུང་གི་རྣམ་འགྱུར་བཟུང་སྟེ་བསམ་བློ་ཡག་པོ་བཏང་ན་བཟང་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག