མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་གིས་ཨ་ཧྥེ་རི་ཁ་གླིང་གི་འཕྲལ་སྒྲུབ་དམག་དཔུང་འཛུགས་དགོས་པའི་འབོད་སྐུལ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-08 11:35

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་ཙུའུ་མཱ་ཡིས་སྤྱི་ཟླ5བའི་ཚེས7ཉིན་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱིས་མགོ་ཁྲིད་པའི་ཨ་ཧྥེ་རི་ཁ་གླིང་གི་འཕྲལ་སྒྲུབ་དམག་དཔུང་ཞིག་བཙུགས་ཏེ། ཨ་ཧྥེ་རི་ཁ་ས་ཁུལ་དུ་ཟིང་འཁྲུག་སོགས་བྱུང་སྐབས་དུས་ལྟར་ཕན་ནུས་ལྡན་པའི་སྒོ་ནས་ཐེ་གཏོགས་བྱེད་པར་སྟབས་བདེ་བཟོ་དགོས་པའི་འབོད་སྐུལ་བཏང་།

ཙུའུ་མཱ་ཡིས་ཉིན་དེར་འཚམས་འདྲིར་ཡོང་བའི་ནེ་ཀྲི་རི་ཡཱའི་ཙུང་ཐུང་ཆའོ་ནཱ་སུན་དང་གྲོས་མོལ་བྱས་རྗེས་གསར་འགོད་པར་བཤད་རྒྱུར། འཕྲལ་སྒྲུབ་དམག་དཔུང་དེས་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་སྟོབས་ཤུགས་ལ་ཤུགས་སྣོན་བྱས་ཏེ། ས་ཁོངས་རང་བཞིན་གྱི་རྩ་འཛུགས་དེས་སྔར་ལས་ཕན་ནུས་ལྡན་པའི་སྒོ་ནས་ས་ཁུལ་གྱི་ཞི་བདེ་དང་བརྟན་འཇགས་ལ་འགན་སྲུང་བྱེད་ཐུབ་ཟེར། ཁོས་བསྟན་དོན། མཱ་ལི་དང་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ། དེ་མིན་ཁོང་གོ་ཅིན་བཅས་སུ་ཟིང་འཁྲུག་བྱུང་རྗེས་དམག་དཔུང་དེ་འདྲ་ཞིག་འཛུགས་པར་དགོས་གལ་སྔར་ལས་ཆེ་ཟེར།

ཨ་ཧྥེ་རི་ཁ་ལྷོ་མ་དང་ནེ་ཀྲི་རི་ཡཱའི་འབྲེལ་བ་གླེང་སྐབས་ཙུའུ་མཱ་ཡིས་བཤད་རྒྱུར། ཨ་ཧྥེ་རི་ཁ་གླིང་གི་དཔལ་འབྱོར་དར་བའི་རྒྱལ་ཁབ་ཡིན་པའི་ཆ་ནས་ཨ་ཧྥེ་རི་ཁ་ལྷོ་མ་དང་ནེ་ཀྲི་རི་ཡཱ་རྒྱལ་ཁབ་གཉིས་ཀྱིས་མཉམ་ལས་ལ་ཤུགས་སྣོན་བྱས་ཤིང་། ལག་རྡང་མཉམ་དུ་སྦྲེལ་ནས་ཨ་ཧྥེ་རི་ཁའི་མདུན་དུ་ལྷགས་པའི་འགྲན་རྩོད་ཐག་གཅོད་བྱས་ཏེ། དར་རྒྱས་ཆེ་བའི་ཨ་ཧྥེ་རི་ཁ་གླིང་འཛུགས་སྐྲུན་བྱེད་པར་མཉམ་དུ་འབད་བརྩོན་བྱེད་དགོས་ཟེར།

ཆའོ་ནཱ་སིན་གྱིས་གསར་འགོད་པར་བཤད་རྒྱུར། ནེ་ཀྲི་རི་ཡཱ་དང་ཨ་ཧྥེ་རི་ཁ་ལྷོ་མའི་བར་མཉམ་ལས་ཀྱི་སྦས་ཤུགས་ཆེན་པོ་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱིས་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཤུགས་སྣོན་བྱས་ན་ཨ་ཧྥེ་རི་ཁ་གླིང་གི་འཕེལ་རྒྱས་ཐད་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ཐོན་སྲིད་ཟེར།

ཆའོ་ནཱ་སིན་ཚེས7ཉིན་གྱི་སྔ་དྲོར་ཨ་ཧྥེ་རི་ཁ་ལྷོ་མར་འབྱོར་ནས་འཚམས་འདྲི་བྱེད་མགོ་བརྩམས་པ་ཡིན་ལ། ཁོ་ཚེས་བརྒྱད་ཉིན་ཁའེ་ཕུའུ་ཏོན་ནས་བསྡུ་རྒྱུར་ཐག་བཅད་ཡོད་པའི་འཛམ་གླིང་དཔལ་འབྱོར་གླེང་སྟེགས་ཨ་ཧྥེ་རི་ཁ་ས་ཁུལ་གྱི་གྲོས་ཚོགས་ལ་ཞུགས་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག