མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

འཇར་པན་གྱི་སྨྱན་བྱད་གཙོ་བོས་རང་དབང་དམངས་གཙོ་ཏང་གི་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་ལ་སྐྱོན་བརྗོད་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-06 11:09

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་པན་ཉིན་རེའི་གསར་འགྱུར་གྱིས་སྤྱི་ཟླ5བའི་ཚེས5ཉིན་དཔྱད་བརྗོད་སྤེལ་ཏེ། རང་དབང་དམངས་གཙོ་ཏང་གིས་བཏོན་པའི་རྩ་ཁྲིམས་བཟོ་བཅོས་བྱེད་པའི་གྲོས་གཞི་ལ་སྐྱོན་བརྗོད་ནན་མོ་བྱས། དཔྱད་བརྗོད་དེ་ལས་བཤད་རྒྱུར། རང་དབང་དམངས་གཙོ་ཏང་གིས་མིག་སྔར་རྩ་ཁྲིམས་ཀྱི་དོན་ཚན་གོ་དྲུག་པ་བཟོ་བཅོས་བྱེད་རྩིས་ཡོད་ཀྱང་། དེའི་དམིགས་ཡུལ་ནི་འཇར་པན་གྱིས་འཐབ་འཁྲུག་བསྐྱུར་བ་དང་། དམག་ཤུགས་སྲུང་འཛིན་མི་བྱེད་པ། གཡུལ་འཐབ་དབང་ཆ་ཁས་ལེན་མི་བྱེད་པར་གཏན་འཁེལ་བྱས་ཡོད་པའི་རྩ་ཁྲིམས་ཀྱི་དོན་ཚན་དགུ་བར་བཟོ་བཅོས་བྱེད་འདོད་པ་རེད། རང་དབང་དམངས་གཙོ་ཏང་བཙུགས་པའི་ཚུན་ལ། དེའི་རྩ་འཛིན་ཁྲོད་དུ་རྩ་ཁྲིམས་ཀྱི་དོན་ཚན་དགུ་བར་བཟོ་བཅོས་བྱེད་པ་དམིགས་ཡུལ་ཡིན་པའི་རྩ་ཁྲིམས་གསར་བ་གཏན་འབེབས་བྱེད་དགོས་པའི་གྲོས་གཞི་བཏོན་ཡོད། རང་དབང་དམངས་གཙོ་ཏང་གིས་ན་ནིང་སྤྱི་ཟླ4བར་ཁྱབ་བསྒྲགས་བྱས་པའི་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་དེ་ལས་རྩ་ཁྲིམས་ཀྱི་དོན་ཚན་དགུ་བར་བཟོ་བཅོས་ཆེན་པོ་བྱས་ཡོད་པས། དེས་མི་རྣམས་ལ་འཇིགས་ཡེར་བའི་སྣང་བ་ཞིག་སྐྱེས་སུ་འཇུག་སྲིད་ཟེར།

དཔྱད་བརྗོད་ལས་བལྟས་ན། འཆར་ཟིན་དེ་ནི་མིང་བཟོ་བཅོས་བྱེད་པ་ཙམ་མ་ཡིན་པར་དམིགས་བྱ་གཞན་པ་ཡོད་པར་འདོད། འཆར་ཟིན་དེ་ལས་རྒྱལ་སྲུང་དམག་དཔུང་བཀོད་སྒྲིག་བྱེད་པ་དང་ཕྱི་རྒྱལ་ནས་དྲག་ཤུགས་བེད་སྤྱོད་བྱེད་ཆོག་པར་བྱེད་པ། དམག་ཁྲིམས་གྲོས་ཚོགས་གསར་དུ་འཛུགས་པ། རྩ་ཁྲིམས་ཁྲོད་ཀྱི་ཐུན་མོང་གི་རང་སྲུང་དབང་ཆ་ལག་བསྟར་བྱེད་པར་ཚོད་འཛིན་བྱེད་པའི་ནང་དོན་མེད་པར་བཟོ་བ་བཅས་ཀྱི་གྲོས་གཞི་བཏོན་ཡོད་པར་གཞིགས་ན། འཆར་ཟིན་དེས་རང་སྲུང་དམག་དཔུང་དེ་རྒྱལ་ཁབ་གཞན་པའི་དམག་དཔུང་དང་གཅིག་མཚུངས་སུ་གཏོང་འདོད་ཡོད་པ་མངོན་གསལ་རེད། གལ་ཏེ་འཇར་པན་གྱིས་དྲག་ཤུགས་བེད་སྤྱོད་བྱས་ཆོག་པའི་དམག་དཔུང་མངག་གཏོང་བྱས་ཆོག་ཚེ། འཇར་པན་གྱི་ནུས་པ་དང་ཤུགས་རྐྱེན་ལ་ཡང་འགྱུར་ལྡོག་འབྱུང་སྲིད་པ་དང་། སྔོན་ཆད་བཙུགས་པའི་རྒྱལ་སྤྱིའི་ཡིད་ཆེས་འབྲེལ་བ་དང་གོ་གནས་ཀྱང་རྩ་བ་ནས་ཤོར་སྲིད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག