མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

བྷང་ག་ལཱ་རྒྱལ་ཁབ་ཀྱི་ཐོག་ཁང་བརྡིབས་པའི་དོན་རྐྱེན་ལས་མི600ཙམ་རྐྱེན་ལམ་དུ་ཤོར་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-06 11:09

1.jpg

  སྤྱི་ཟླ4བའི་ཚེས24ཡི་ཉིན། བྷང་ག་ལཱའི་རྒྱལ་ས་ཏཱ་ཁཱའི་ཉེ་འདབས་ཀྱི་བརྩེགས་རིམ་བརྒྱད་ཅན་གྱི་ཐོག་ཁང་ཞིག་བརྡིབས། པར་འདི་ནི་རྒུད་སྐྱོབ་མི་སྣས་དོན་རྐྱེན་བྱུང་སར་རྒུད་སྐྱོབ་བྱེད་བཞིན་པའི་ཚུལ་རེད།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བསྒྲགས་པའི་གནས་ཚུལ་ལྟར་ན། བྷང་ག་ལཱའི་དམག་ཕྱོགས་ཀྱིས་བཤད་རྒྱུར། སྤྱི་ཟླ5བའི་ཚེས5ཉིན་བར་རྒྱལ་ཁབ་དེའི་ལོ་རྒྱུས་སྟེང་ཆེས་ཚབས་ཆེ་བའི་ཐོག་ཁང་བརྡིབས་པའི་དོན་རྐྱེན་དེ་ལས་མི600ཙམ་རྐྱེན་ལམ་དུ་ཤོར་ཟེར།

  བྷང་ག་ལཱའི་དམག་ཕྱོགས་ཀྱིས་བཤད་རྒྱུར། སྤྱི་ཟླ4བའི་ཚེས24ཡི་ཉིན་བྱུང་བའི་ཐོག་ཁང་བརྡིབས་པའི་དོན་རྐྱེན་ཁྲོད་མི3000ལྷག་ཁང་བའི་ཞིག་རོའི་འོག་ཏུ་མནན་པ་དང་། མིག་སྔར་མི2437བསྐྱབས་ཡོད་ལ། ཤི་བོའི་ཁ་གྲངས་མི590ལ་བསླེབས་ཡོད། ཐོག་ཁང་དེའི་ནང་དུ་གྱོན་ཆས་བཟོ་གྲྭ་ལྔ་ཡོད་པས་ཞིག་རོའི་འོག་ཏུ་མནན་པའི་མི་མང་ཤོས་གྱོན་ཆས་བཟོ་གྲྭའི་བཟོ་བ་ཡིན་པ་རེད།

  མིག་སྔར་སྐྱོ་སྡུག་གིས་མནར་བའི་ཁྱིམ་མི་བརྒྱ་ཕྲག་འགའ་བསྟུན་མར་ཉིན12རིང་དོན་རྐྱེན་བྱུང་སའི་གནས་སུ་འདུས་ཡོད། དཔོན་ཕྱོགས་ཀྱིས་བསྟན་དོན། མིག་སྔར་རྙེད་པའི་ཤི་བོའི་བེམ་པོའི་ཡན་ལག་ཁ་མི་ཚང་བས་ཐོབ་ཐང་ངོས་འཛིན་བྱེད་པར་དཀའ་ཁག་ངེས་ཅན་ཡོད་ཟེར།

  ཐོག་ཁང་བརྡིབས་པའི་དོན་རྐྱེན་བྱུང་རྗེས་ཉེན་རྟོག་ཕྱོགས་ཀྱིས་འགན་ཁུར་བ12འཛིན་བཟུང་བྱས། དེའི་ནང་ཐོག་ཁང་དེའི་ཁང་བདག་དང་གྱོན་ཆས་བཟོ་གྲྭ4ཡི་སྦྱིན་བདག་འདུས། ཁོ་ཚོས་ཐོག་ཁང་དེར་གས་སྲུབས་ཡོད་པ་ཤེས་པའི་གནས་ཚུལ་འོག་ཏུ་བཟོ་བ་དག་བཙན་གྱིས་ལས་ཞུགས་བྱེད་དུ་བཅུག་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག