མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་ཧྥུ་ཀ་ནི་སི་ཐན་གྱི་ཙུང་ཐུང་གིས་ཕ་ཁི་སི་ཐན་བར་གྱི་འབྲེལ་བ་ལེགས་བཅོས་བྱེད་རྒྱུའི་རེ་འབོད་གནང་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-05-06 11:09

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུ་ཀ་ནི་སི་ཐན་གྱི་ཙུང་ཐུང་ཁར་ཀྲ་དབྱིས་སྤྱི་ཟླ5བའི་ཚེས4ཉིན། ཕ་ཁི་སི་ཐན་གྱིས་ཞི་བདེ་དང་མཛའ་མཐུན་གྱི་བྱ་ཐབས་གདམ་ག་བྱས་ནས་ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་གཉིས་པོའི་བར་གྱི་མཐའ་མཚམས་ཀྱི་གདོང་ཐུག་གི་རྐྱེན་པས་ཇེ་སྡུག་ཏུ་སོང་བའི་འབྲེལ་བ་ཞི་ལྷོད་དུ་གཏོང་རྒྱུའི་རེ་བ་ཡོད་ཅེས་བསྟན་པ་དང་། ཁོང་གིས་དུས་མཚུངས་སུ་ཨ་ཧྥུ་ཀ་ནི་སི་ཐན་གྱི་ཐ་ལི་པན་གྱིས་ཨ་ཧྥུ་ཀ་ནི་སི་ཐན་གྱི་མངའ་ཁོངས་ནང་དང་ལྷག་པར་དུ་མཐའ་མཚམས་ས་ཁུལ་དུ་འཇབ་རྒོལ་བྱེད་མཚམས་བཞག་ནས་ཨ་ཧྥུ་ཀ་ནི་སི་ཐན་གྱི་མངའ་ཁོངས་ས་ཆའི་ཁེ་དབང་ལ་སྲུང་སྐྱོབ་བྱེད་དགོས་པའི་རེ་འབོད་གནང་ཡོད་པ་རེད།

ཨ་ཧྥུ་ཀ་ནི་སི་ཐན་དང་ཕ་ཁི་སི་ཐན་རྒྱལ་ཁབ་གཉིས་པོའི་བར་ཉེ་བའི་ལོ་ཤས་རིང་མཐའ་མཚམས་རྩོད་གཞིའི་གནད་དོན་གྱིས་གདོང་ཐུག་མང་པོ་ཤོར་གྱི་ཡོད་པ་རེད། སྤྱི་ཟླ5བའི་ཚེས1ཉིན་གྱི་དགོང་མོ། ཨ་ཧྥུ་ཀ་ནི་སི་ཐན་གྱི་མཐའ་མཚམས་ཉེན་རྟོག་པ1ཕྱོགས་གཉིས་པོའི་དཔུང་སྡེའི་མེ་མདའ་རྒྱག་རེས་ཁྲོད་སྲོག་ཤོར་ཡོད་པ་དང། གཞན་ཡང་ཕ་ཁི་སི་ཐན་གྱི་དམག་མི2ལ་རྨས་སྐྱོན་ཕོག་ཡོད་པ་རེད། དེའི་གོང་ཨ་ཧྥུ་ཀ་ནི་སི་ཐན་དང་ཕ་ཁི་སི་ཐན་བར་གྱི་འབྲེལ་བ་དེ་དེ་སྔོན་ཕ་ཁི་སི་ཐན་གྱིས་རྩོད་གཞི་ཡོད་པའི་མཐའ་མཚམས་ས་ཁུལ་དུ་སོ་ལྟ་ཁང་བཙུགས་པའི་དབང་གིས་ཛ་དྲག་ཏུ་སོང་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག