མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁས་མེ་གླིང་དབུས་མའི་བར་གྱི་འབྲེལ་བ་རྒྱ་བསྐྱེད་འདོད་ཡོད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-06 11:09

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཡིས་སྤྱི་ཟླ5བའི་ཚེས3ཉིན་ནས་ཚེས4ཡི་ཉིན་བར་ཀི་སི་ཏཱ་ལེ་ཅཱ་རུ་འཚམས་འདྲི་བྱས་པར་མ་ཟད། མེ་གླིང་དབུས་མའི་རྒྱལ་ཁབ་དག་གི་མགོ་ཁྲིད་པ་དང་མཉམ་དུ་དམིགས་བསལ་གྱི་མགོ་གཙོའི་གྲོས་ཚོགས་བསྡུས།

དེ་ནི་ཨོ་པཱ་མཱ་ཡིས་ན་ནིང་ནི་ཀ་ར་ཀྭ་ལ་འཚམས་འདྲི་བྱས་རྗེས་མེ་གླིང་དབུས་མར་ཡང་བསྐྱར་འཚམས་འདྲི་བྱས་པ་རེད། ཐེངས་འདིའི་འཚམས་འདྲིའི་ཁྲོད་ཨོ་པཱ་མཱ་ཡིས་མེ་གླིང་དབུས་མའི་རྒྱལ་ཁབ་སོ་སོའི་མགོ་ཁྲིད་དག་དང་མཉམ་དུ་དུག་འགོག་དང་། དཔལ་འབྱོར་ཉོ་ཚོང་གི་མཉམ་ལས། ནུས་ཁུངས། གནས་སྤོར་སྡོད་དམངས་སོགས་ཀྱི་གྲོས་གཞི་ལ་གྲོས་བསྡུར་བྱས། དེ་ལས་ཁོས་ཨ་མེ་རི་ཁ་དང་མེ་གླིང་དབུས་མའི་རྒྱལ་ཁབ་བར་གྱི་འབྲེལ་བར་ཡར་སྐུལ་བྱེད་འདོད་ཡོད་པ་མཚོན་ཡོད་ཟེར།

ཨོ་པཱ་མཱ་ཚེས4ཉིན་མེ་གླིང་དབུས་མའི་དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས་ཀྱི་གླེང་སྟེགས་ལ་ཞུགས་ཏེ། བདེ་འཇགས་དང་གནས་སྤོར་སྡོད་དམངས། དཔལ་འབྱོར་གནད་དོན་བཅས་ཀྱི་ཐད་ནས་མེ་གླིང་དབུས་མའི་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་དང་ས་དེའི་ཁེ་ལས་པ170ལྷག་དང་མཉམ་དུ་བཞུགས་མོལ་བྱས། ཁོས་མུ་མཐུད་དུ་མེ་གླིང་དབུས་མའི་རྒྱལ་ཁབ་བར་གྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་ཤུགས་སྣོན་བྱས་ཤིང་། ས་དེའི་ཁེ་ལས་ཆུང་འབྲིང་གི་འཕེལ་རྒྱས་ལ་ཡར་སྐུལ་བྱས་ཏེ། ས་ཁོངས་དཔལ་འབྱོར་གྱི་འགྲན་རྩོད་ནུས་པ་སྔར་ལས་ཇེ་དྲག་ཏུ་གཏོང་རྒྱུའི་ཚུལ་བསྟན།

ཨོ་པཱ་མཱ་ཡིས་ནན་གྱིས་བསྟན་དོན། མེ་གླིང་དབུས་མའི་བར་གྱི་མཉམ་ལས་དེ་ཨ་མེ་རི་ཁར་མཚོན་ན་གལ་འགངས་ཧ་ཅང་ཆེ་ཡང་། ཕྱོགས་གཉིས་ཀྱི་མཉམ་ལས་གྲོས་གཞི་དེ་བདེ་འཇགས་གནད་དོན་ཁོ་ནར་ཚོད་འཛིན་བྱེད་མི་རུང་ལ། ཕྱོགས་གཉིས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་དཔལ་འབྱོར་མཉམ་ལས་ཀྱི་སྦས་ཤུགས་དང་འཕེལ་རྒྱས་མདུན་ལྗོངས་ལའང་དོ་སྣང་བྱེད་དགོས། རྒྱུ་མཚན་ནི་དཔལ་འབྱོར་དར་རྒྱས་ནི་དྲག་ཤུགས་ནག་ཉེས་ལ་ཆམ་ཕབ་གཏོང་བའི་བྱེད་ཐབས་ཆེས་བཟང་བོ་ཞིག་ཡིན་པས་རེད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག