མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ལྷོ་བྱང་ཁོ་རེ་ཡའི་བར་ཁའེ་ཁྲང་བཟོ་ལས་ཁུལ་གྱི་མ་དངུལ་གནད་དོན་ཐད་གྲོས་ཆོད་བཞག་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-05-06 11:09

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལྷོ་བྱང་ཁོ་རེ་ཡའི་བར་བྱང་ཁོ་རེ་ཡའི་ཁའེ་ཁྲང་བཟོ་ལས་ཁུལ་གྱི་མ་དངུལ་གནད་དོན་ཐད་གྲོས་ཆོད་འཇོག་ཐུབ་རྗེས། བཟོ་ལས་ཁུལ་དུ་ལུས་པའི་ལྷོ་ཁོ་རེ་ཡའི་མཐའ་མཇུག་གི་ལས་མི་བདུན་པོ་དེ་སྤྱི་ཟླ5བའི་ཚེས3ཉིན་གྱི་དགོང་མོ་དམག་དོན་ས་མཚམས་བརྒྱུད་དེ་ལྷོ་ཁོ་རེ་ཡའི་ས་ཁོངས་སུ་སླེབས་ཟིན་ཡོད་པ་རེད། ལྷོ་ཁོ་རེ་ཡའི་མཉམ་འབྲེལ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ལྷོ་བྱང་ཁོ་རེ་ཡ་ཕྱོགས་གཉིས་པོས་ ཁའེ་ཁྲང་བཟོ་ལས་ཁུལ་གྱི་མ་དངུལ་གནད་དོན་ཐད་གྲོས་ཆོད་བཞག་ནས། ལྷོ་ཁོ་རེ་ཡས་བྱང་ཁོ་རེ་ཡའི་རེ་བ་ལྟར་ཨ་སྒོར་བྱེ་བ1.3སྤྲད་ཡོད་པ་དང་། དེའི་ནང་བྱང་ཁོ་རེ་ཡའི་ལས་མིའི་སྤྱི་ཟླ3པའི་གླ་ཕོག་ཨ་སྒོར་ས་ཡ7.3དང་། སྤྱི་ལོ2012ལོ་ཧྲིལ་པོའི་ཁེ་ལས་ཀྱི་ཐོབ་ཁྲལ་ཨ་སྒོར་ས་ཡ4། དེ་བཞིན་གློག་འཕྲིན་འགྲོ་གྲོན་དང་གད་སྙིགས་གཙང་གསེལ་འགྲོ་གྲོན་སོགས་ཨ་སྒོར་ས་ཡ1.7ཚུད་ཡོད་པ་རེད། ལྷོ་ཁོ་རེ་ཡའི་གཅིག་གྱུར་པུའི་དཔོན་རིགས་ཤིག་གིས། ལྷོ་ཁོ་རེ་ཡའི་ཁེ་ལས་ཀྱིས་བཟོ་ལས་ཁུལ་དུ་ཞག་པའི་ཐོན་རྫས་དང་མ་བཅོས་རྒྱུ་ཆ་ཕྱིར་སྤྲོད་བྱེད་རྒྱུའི་འབྲེལ་ཡོད་གནད་དོན་ཐད། ཕྱོགས་གཉིས་པོས་མུ་མཐུད་གྲོས་མོལ་བྱེད་རྒྱུ་ཡིན། བྱང་ཁོ་རེ་ཡས་གནད་དོན་དེའི་ཐད་མཉམ་ལས་ཧུར་ཐག་བྱེད་པའི་རེ་བ་ཡོད། དུས་མཚུངས་སུ་ཕྱིན་ཆད་གྲོས་མོལ་བྱེད་རྒྱུ་སྟབས་བདེ་ཡོང་ཆེད། ལྷོ་ཁོ་རེ་ཡས་བྱང་ཁོ་རེ་ཡར་བར་མཚམས་ཆད་པའི་སྦན་མན་ཏན་གྱི་ལྷོ་བྱང་ཁོ་རེ་ཡའི་འབྲེལ་གཏུག་ཁ་པར་དང་ལྷོ་བྱང་ཁོ་རེ་ཡའི་དམག་དོན་འཕྲིན་གཏོང་ཁ་པར་སླར་གསོ་བྱེད་དགོས་པའི་རེ་བ་བཏོན་ཡོད་ཅེས་གསུངས་འདུག  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག