མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

བར་བརྒལ་ཙུང་ཐུང་གིས་ཙུང་ཐུང་འགྲན་འདེམ་ནང་མི་ཞུགས་རྒྱུའི་ཁ་ཆད་ལས་རྒྱབ་འགལ་བྱས་པར་རྩོད་གཞི་ཐོན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-05-06 11:09

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ5བའི་ཚེས4ཉིན་དེ་སྔོན་ཙུང་ཐུང་འགྲན་འདེམས་ནང་ཞུགས་རྒྱུ་མིན་པ་ཁྱབ་བསྒྲགས་བྱེད་མཁན་མ་ཏ་ཀ་སི་ཁར་གྱི་བར་བརྒལ་ཙུང་ཐུང་ལ་ཆའོ་ལི་ན་ཙུང་ཐུང་གི་འགྲན་འདེམས་འོས་མིར་འགྱུར་བར་ལན་ཆ་དྲག་པོ་བྱེད་ཀྱི་ཡོད་པ་རེད། ས་གནས་དེ་གའི་དབྱེ་ཞིབ་མི་སྣས། ལ་ཆའོ་ལི་ནས་ཁ་ཆད་རྒྱབ་སྐྱུར་གྱིས་འགྲན་འདེམས་ནང་ཞུགས་པ་དེས་མ་ཏ་ཀ་སི་ཁར་གྱི་སྲིད་དོན་དུས་བབ་ཐད་གཏན་འཁེལ་མེད་པའི་འགྱུར་ལྡོག་བྱུང་ཡོད་ཅིང་། དེ་སྔ་སྤྱི་ཟླ7པར་ཙུང་ཐུང་འདེམ་བསྐོ་བྱེད་རྒྱུ་དེ་དུས་བཀག་ལྟར་ཡོང་རྒྱུ་ཁག་པོ་བཟོས་ཡོད། བྱེད་སྟངས་དེས་མ་ཏ་ཀ་སི་ཁར་གྱི་ཆབ་སྲིད་ཉམས་ཉེན་ཐག་གཅོད་བྱ་རྒྱུར་ཤུགས་རྐྱེན་ངན་པ་བཟོས་ཡོད་པ་རེད།

མ་ཏ་ཀ་སི་ཁར་གྱི་ཆབ་སྲིད་ཉམས་ཉེན་དེ་སྤྱི་ལོ2008ལོའི་སྤྱི་ཟླ12པར་ཐོན་པ་དང་། སྐབས་དེར་རྒྱལ་ས་ཐ་ན་ན་ལི་ཧྥོའི་གྲོང་སྤྱིའི་འགན་འཁུར་མཁན་ལ་ཆའོ་ལི་ན་དང་ཙུང་ཐུང་ལ་ཝ་ལུ་མ་ན་ནས་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་འདུ་ཚོགས་འཚོགས་པས། དམག་མི་ཁག་ཅིག་མདུང་རྩེ་རྒྱབ་གཏད་བྱེད་དགོས་བྱུང་ཡོད་པ་དང་། ལ་ཆའོ་ལི་ནས་དམག་མིའི་རྒྱབ་སྐྱོར་འོག་མ་ཏ་ཀ་སི་ཁར་བར་བརྒལ་ཙུང་ཐུང་གི་འགན་འཁུར་ཡོད། སྤྱི་ལོ2012ལོའི་སྤྱི་ཟླ12པ་དང་ད་ལོའི་སྤྱི་ཟླ1པོར། མ་ཏ་ཀ་སི་ཁར་གྱི་ཆབ་སྲིད་ཉམས་ཉེན་ཐག་གཅོད་བྱེད་ཆེད། ལ་ཆའོ་ལི་ན་དང་ལ་ཝ་ལུ་མ་ན་ནས་ལྷོ་རྒྱུད་ཨ་ཧྥེ་རི་ཁ་གླིང་གོང་འཕེལ་ཐུན་མོང་མ་ལག་གིས་རེ་བ་བཏོན་པའི་འོག་ཙུང་ཐུང་འགྲན་འདེམ་ནང་ཞུགས་རྒྱུ་མིན་པའི་ཁྱབ་བསྒྲགས་བྱས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག