མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ལེ་པཱ་ནུན་གྱི་ཙུང་ཐུང་གིས་སི་རི་ཡཱ་རུ་དྲག་ཆས་ཉེས་ཅན་མངག་གཏོང་བྱེད་མི་རུང་བའི་འབོད་སྐུལ་བཏང་བ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-05 11:08

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལེ་པཱ་ནུན་གྱི་ཙུང་ཐུང་སུའུ་ལེ་མན་གྱིས་ཚེས་བཞི་ཉིན་ལེ་པཱ་ནུན་གྱི་ཕྱོགས་ཁག་སོ་སོས་སི་རི་ཡཱ་རུ་དྲག་ཆས་ཉེས་ཅན་མངག་གཏོང་དང་མཚོན་ཆ་སྐྱེལ་འདྲེན་བྱེད་མི་རུང་བའི་འབོད་སྐུལ་བཏང་།

སུའུ་ལེ་མན་གྱིས་ཡེ་ཤུའི་ཆོས་ལུགས་ཀྱི་འདས་ལོག་དུས་ཆེན་ཐོན་ལ་ཉེ་བའི་སྐབས་སུ་ཞུ་ཚིག་ཕུལ་ཏེ། ཁོས་ལེ་པཱ་ནུན་གྱི་མི་ཚང་མས་རྒྱལ་ཡོངས་གྲོས་མོལ་གྲོས་ཚོགས་ནས་གྲོས་འཆམ་བྱུང་བའི་པཱ་ཨ་པེ་ཏཱ་བསྒྲགས་གཏམ་བརྩི་སྲུང་ནན་མོ་བྱེད་པ་དང་། མུ་མཐུད་དུ་སི་རི་ཡཱའི་ཉམས་ཉེན་ཐད་ནས་ཐེ་གཏོགས་མི་བྱེད་པའི་སྲིད་ཇུས་ལག་བསྟར་བྱས་ཏེ། སི་རི་ཡཱ་རུ་དྲག་ཆས་ཉེས་ཅན་མངག་གཏོང་དང་མཚོན་ཆ་སྐྱེལ་འདྲེན་བྱེད་མི་རུང་ལ། ལེ་པཱ་ནུན་རྒྱལ་ཁབ་ཀྱི་བརྟན་འཇགས་དང་མི་དམངས་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱས་ཏེ་ལེ་པཱ་ནུན་ལ་སི་རི་ཡཱའི་འཁྲུག་རྩོད་ཀྱི་གནོད་པ་ཐེབས་པར་སྔོན་འགོག་བྱེད་དགོས་པའི་རེ་བ་བཏོན།

སུའུ་ལེ་མན་གྱིས་ད་རུང་འབྲེལ་ཡོད་རྒྱལ་ཁབ་ཀྱིས་ལེ་པཱ་ནུན་གྱི་བདག་དབང་དང་བརྟན་འཇགས་ལ་བརྩི་འཇོག་བྱས་ཏེ། ལེ་པཱ་ནུན་དེ་ཆོས་ལུགས་མི་གཅིག་པ་དང་དཔལ་ཡོན་མི་འདྲ་བ་མཉམ་གནས་བྱེད་པའི་དཔེ་སྟོན་ལྟ་བུར་འགྱུར་དུ་འཇུག་དགོས་པའི་འབོད་སྐུལ་བཏང་། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག