མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

བྱང་ཆིངས་རྩ་འཛུགས་ཀྱི་དམག་མི་ལྔ་ཨ་ཧྥུའུ་ཧན་ལྷོ་ཕྱོགས་ས་ཁུལ་ནས་འཇབ་རྒོལ་ཐེབས་ཏེ་རྐྱེན་ལམ་དུ་ཤོར་བ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-05 11:08

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་དུ་སྡོད་པའི་བྱང་ཆིངས་རྩ་འཛུགས་ཀྱི་རྒྱལ་སྤྱིའི་རོགས་སྐྱོར་དམག་དཔུང་གིས་ཚེས་བཞི་ཉིན་བཤད་རྒྱུར། ཕྱི་རྒྱལ་གྱི་དམག་མི་ལྔ་ལ་ཉིན་དེར་ཨ་ཧྥུའུ་ཧན་ལྷོ་ཕྱོགས་ཀྱི་ཁན་ཏཱ་ཧཱ་ཞིང་ཆེན་ནས་འཇབ་རྒོལ་ཐེབས་ཏེ་རྐྱེན་ལམ་དུ་ཤོར་ཟེར།

ཨ་ཧྥུའུ་ཧན་དུ་སྡོད་པའི་བྱང་ཆིངས་རྩ་འཛུགས་ཀྱི་རྒྱལ་སྤྱིའི་རོགས་སྐྱོར་དམག་དཔུང་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ་བཤད་རྒྱུར། བྱང་ཆིངས་རྩ་འཛུགས་ཀྱི་དམག་མིར་ཨ་ཧྥུའུ་ཧན་ལྷོ་ཕྱོགས་ས་ཁུལ་ནས་འགས་གཏོར་འཇབ་རྒོལ་ཐེབས་ཏེ་དམག་མི་ལྔ་རྐྱེན་ལམ་དུ་ཤོར་ཟེར་ཡང་། གསལ་སྒྲོག་ལས་འཇབ་རྒོལ་ཐེབས་སའི་ཡུལ་དང་རྐྱེན་ལམ་དུ་ཤོར་བའི་དམག་མི་རྒྱལ་ཁབ་གང་གི་ཡིན་པ་སོགས་གསལ་བོར་མ་བཤད།

གཞན་ཡང་ཨ་ཧྥུའུ་ཧན་སྲིད་གཞུང་གི་དཔོན་རིགས་ཀྱིས་གསར་འགོད་པར་བདེན་དཔང་བྱས་པ་ལྟར་ན། གོང་གི་འཇབ་རྒོལ་དོན་རྐྱེན་དེ་ཁན་ཏཱ་ཧཱ་ཞིང་ཆེན་ནས་བྱུང་བ་དང་། ཞིང་ཆེན་དེར་སྡོད་པའི་དམག་དཔུང་ཚང་མ་ཨ་མེ་རི་ཁའི་དམག་མི་ཡིན་པས་རྐྱེན་ལམ་དུ་ཤོར་བའི་དམག་མི་ཚང་མ་ཨ་མེ་རི་ཁའི་དམག་མི་ཡིན་སྲིད་ཟེར།

མིག་སྔར་ད་རུང་རྩ་འཛུགས་དང་མི་སྒེར་གང་རུང་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁས་ལེན་བྱས་མེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག