མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧྥ་རན་སིའི་ཙུང་ཐུང་དང་འཇར་མན་གྱི་ཙུང་ལི་ཡིས་ཁ་པར་ལས་ཡོ་རོབ་གླིང་མནའ་འབྲེལ་གྱི་མགོ་གཙོའི་གྲོས་ཚོགས་ཀྱི་བཀོད་སྒྲིག་བྱ་བར་གྲོས་བསྡུར་བྱས་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-05 11:08

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སིའི་ཙུང་ཐུང་ཨོ་ལིང་ཏི་ཡིས་ཚེས་བཞི་ཉིན་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་ལ་ཁ་པར་བཏང་སྟེ། ཟླ་ལྔ་བ་དང་ཟླ་དྲུག་པར་བསྡུ་རྒྱུ་ཡིན་པའི་ཡོ་རོབ་གླིང་མནའ་འབྲེལ་གྱི་མགོ་གཙོའི་གྲོས་ཚོགས་ཐེངས་གཉིས་ཀྱི་བཀོད་སྒྲིག་བྱ་བར་གྲོས་བསྡུར་བྱས།

བསྒྲགས་པའི་གནས་ཚུལ་ལྟར་ན། ཟླ་ལྔ་བའི་ཚེས་ཉེར་གཉིས་ཉིན་པུའུ་ལུའུ་སེར་ནས་བསྡུ་རྒྱུ་ཡིན་པའི་ཡོ་རོབ་གླིང་མནའ་འབྲེལ་གྱི་མགོ་གཙོའི་གྲོས་ཚོགས་ནས་གཙོ་བོ་ནུས་ཁུངས་གནད་དོན་ལ་གྲོས་བསྡུར་བྱེད་རྒྱུ་ཡིན་པ་དང་། ཧྥ་རན་སི་རྒྱལ་ཁབ་ཀྱིས་ཡོ་རོབ་གླིང་མནའ་འབྲེལ་གྱིས་ནུས་ཁུངས་སྲིད་ཇུས་ཤིག་ལག་བསྟར་བྱས་ཏེ་ནུས་ཁུངས་འཛད་སྤྱོད་མཁན་ལ་རིན་གོང་འོས་ཤིང་འཚམ་པའི་ཐོན་རྫས་ལོངས་སུ་སྤྱོད་དུ་འཇུག་དགོས་པའི་རེ་བ་འདོན་རྒྱུའི་འཆར་གཞི་ཡོད་པ་དང་། ཟླ་དྲུག་པའི་ཟླ་མཇུག་ལ་བསྡུ་རྒྱུ་ཡིན་པའི་ཡོ་རོབ་གླིང་མནའ་འབྲེལ་གྱི་མགོ་གཙོའི་གྲོས་ཚོགས་ནས་གཙོ་བོ་དངུལ་ཁང་མནའ་འབྲེལ་གྱི་འཛུགས་སྐྲུན་དང་། ཡོ་རོབ་གླིང་གི་སྒོར་མོ་བཀོལ་བའི་ས་ཁུལ་གྱི་དངུལ་ཁང་གི་ལྟ་ཞིབ་དོ་དམ། དངུལ་ཁང་གི་མ་རྩ་རྡིབས་པའི་གནད་དོན་ཐག་གཅོད་པའི་འགན་ཁུར་བའི་ཡོ་རོབ་གླིང་གི་ལས་ཁུངས་ཤིག་འཛུགས་པ། དེ་མིན་དངུལ་ཁང་གི་འཇོག་དངུལ་ལ་འགན་སྲུང་བྱེད་པ་སོགས་གནད་དོན་ལ་གྲོས་བསྡུར་བྱེད་རྒྱུ་རེད། ཧྥ་རན་སི་རྒྱལ་ཁབ་ཀྱིས་ཡོ་རོབ་གླིང་མནའ་འབྲེལ་གྱིས་གང་མགྱོགས་སྒོས་དེའི་ཐད་ཀྱི་བཅོས་བསྒྱུར་ལག་བསྟར་བྱེད་དགོས་པའི་རེ་བ་འདོན་རྒྱུ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག