མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁའི་དམག་དཔུང་གི་སྣུམ་སྣོན་གནམ་གྲུ་ཞིག་ཅིར་ཅི་སི་སི་ཐན་ནས་སར་ལྷུང་བ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-05 11:08

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་དམག་དཔུང་གི་སྣུམ་སྣོན་གནམ་གྲུ་ཞིག་ཚེས་གསུམ་ཉིན་ཅིར་ཅི་སི་སི་ཐན་ནས་སར་ལྷུང་བ་དང་། གནམ་གྲུའི་སྟེང་གི་མིའི་ཤི་གསོན་གསལ་བོར་མི་ཤེས། དངོས་སུ་མཐོང་མཁན་གྱིས་བཤད་རྒྱུར། གནམ་གྲུ་བར་སྣང་ནས་འགས་གཏོར་བྱུང་སྟེ་དུམ་བུ་འགར་གྱུར་ཡོད་ཟེར།

ཅིར་ཅི་སི་སི་ཐན་སྲིད་གཞུང་གིས་བཤད་རྒྱུར། KC—135རྟགས་ཅན་གྱི་སྣུམ་སྣོན་གནམ་གྲུ་དེ་ཕྱི་དྲོའི་དུས་ཚོད་གཉིས་དང་སྐར་མ་སུམ་ཅུའི་ཡས་མས་སུ་ཅིར་ཅི་སི་སི་ཐན་མངའ་ཁོངས་ཀྱི་ཨ་མེ་རི་ཁའི་དམག་དཔུང་གི་མཱ་ནཱ་སི་བརྒྱུད་འདྲེན་ལྟེ་གནས་ནས་འཕུར་བ་དང་། ཧ་ལམ་ཕྱི་དྲོའི་དུས་ཚོད་གཉིས་དང་སྐར་མ་ང་ལྔ་ཙམ་གྱི་དུས་སུ་གནམ་གྲུ་དེ་བར་སྣང་ནས་འགས་གཏོར་བྱུང་བ་མཐོང་ཡོད། གནམ་གྲུ་དེ་ཅིར་ཅི་སི་སི་ཐན་དང་ཧཱ་སག་སི་ཐན་གྱི་རྒྱལ་མཚམས་ཉེ་འདབས་ཀྱི་རི་ཁུལ་དུ་ལྷུང་བ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག