མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨེ་ཤ་ཡཱའི་གསར་སྤེལ་དངུལ་ཁང་ལས་འཛིན་ལྷན་ཚོགས་ཀྱི་ལོ་ཚོགས་དྷི་ལེ་གསར་བ་ནས་སྤེལ་བ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-05 11:08

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཤ་ཡཱའི་གསར་སྤེལ་དངུལ་ཁང་ལས་འཛིན་ལྷན་ཚོགས་ཀྱི་ལོ་ཚོགས་སྐབས་ཞེ་དྲུག་པ་ཚེས་བཞི་ཉིན་རྒྱ་གར་གྱི་རྒྱལ་ས་དྷི་ལེ་གསར་བ་ནས་སྤེལ། རྒྱ་གར་གྱི་ནོར་སྲིད་བློན་ཆེན་ཆི་ཏན་པཱ་ལཱ་མུའུ་ཡིས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ལ་མགོ་འཛིན་བྱས་པ་དང་། ཨེ་ཤ་ཡཱའི་གསར་སྤེལ་དངུ་ཁང་གི་ཁོངས་གཏོགས་ལས་འཛིན་དང་འབྲེལ་ཡོད་དངུལ་ལོར་ལས་ཁུངས་ཀྱི་འགན་ཁུར་བ་གྲོས་ཚོགས་ལ་ཞུགས། ཀྲུང་གོའི་ནོར་སྲིད་པུའུ་ཡི་པུའུ་ཀྲང་གཞོན་པ་ཀྲུའུ་ཀོང་ཡའོ་ཡིས་ཀྲུང་གོའི་འཐུས་ཚབ་ཚོགས་པ་ཁྲིད་དེ་གྲོས་ཚོགས་ལ་ཞུགས།

གྲོས་ཚོགས་ནས་གཙོ་བོ་ཨེ་ཤ་ཡཱ་རྒྱལ་ཁབ་ཀྱིས་ཇི་ལྟར་དཔལ་འབྱོར་གྲུབ་ཚུལ་བཅོས་བསྒྱུར་བྱེད་པ་དང་། ས་ཁོངས་དཔལ་འབྱོར་གྱི་གཞི་གཅིག་ཅན་གྱི་མཉམ་ལས་ལ་ཤུགས་སྣོན་པ། ནུས་ཁུངས་འགྲན་རྩོད་ཐག་གཅོད་བྱེད་པ། ཨེ་ཤ་ཡཱའི་གསར་སྤེལ་དངུལ་ཁང་ནང་ཁུལ་གྱི་བཅོས་བསྒྱུར་འཐུས་ཚང་དུ་གཏོང་བ་སོགས་གྲོས་གཞིའི་ཐད་ནས་གྲོས་བསྡུར་ཞིབ་མོ་བྱས།

གྲོས་ཚོགས་སྐབས་སུ་ཀྲུའུ་ཀོང་ཡའོ་ཡིས་ཨེ་ཤ་ཡཱའི་གསར་སྤེལ་དངུལ་ཁང་གི་ཧང་ཀྲང་ཀྲུང་ཝེ་བུའུ་ཡན་དང་གྲོས་མོལ་བྱས་པར་མ་ཟད། དུས་བཅད་ལྟར་སོ་སོར་ཧན་གོ་དང་། ནེའུ་ཙེ་ལན། བུའུ་ཙི་པེ་ཁི་སི་ཐན། ཝུན་ལེ། པཱ་པུའུ་ཡཱ་ཞིན་ཀེ་ནེ་ཡཱ། མོང་གོལ། ཨོ་སི་ཁྲུ་ལི་ཡཱ། ཅིར་ཅི་སི་སི་ཐན་སོགས་རྒྱལ་ཁབ་ཀྱི་ནོར་སྲིད་བློན་ཆེན་དང་འཐུས་ཚབ་ཚོགས་པའི་ཚོགས་གཙོར་ཐུག་འཕྲད་བྱས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག