མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

སི་རི་ཡའི་ངོ་རྒོལ་ཕྱོགས་ཁག་གིས་ཏ་མ་སི་ཁོའི་གནམ་གྲུ་ཐང་ལ་མེ་ཤུགས་འཕུར་མདའ་འཕངས་པ།

རྩོམ་པ་པོ། ཕྱུག་ལོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-04 11:33

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སིའི་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། སི་རི་ཡའི་ངོ་རྒོལ་ཕྱོགས་ཁག་གིས་ཚེས་གསུམ་ཉིན་ཏ་མ་སི་ཁོའི་རྒྱལ་སྤྱིའི་གནམ་གྲུ་ཐང་ལ་མེ་ཤུགས་འཕུར་མདའ་འཕངས་ཏེ། གནམ་གྲུ་ཞིག་དང་འབར་རྫས་གསོག་སྣོད་ཅིག་ལ་ཕོག་སྟེ་མེ་དགྲ་ཆེན་པོ་བྱུང་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། འཕུར་མདའ་ཕོག་པའི་གནམ་གྲུ་ལ་གཏོར་བརླགས་ཆེན་པོ་ཐེབས་མོད། ཡིན་ནའང་འགྲིམ་འགྲུལ་ལ་གནོད་པ་ཅི་ཡང་མ་བྱུང་བ་དང་། དེའི་རྗེས་སུ་མེ་དགྲ་ཆེན་པོ་དེ་གསོད་ཐུབ་པར་གྱུར་ཟེར།

སི་རི་ཡའི་ངོ་རྒོལ་ཕྱོགས་ཁག་དང་སྲིད་གཞུང་བར་དུ་ཉིས་སྟོང་བཅུ་གཅིག་ལོའི་ཟླ་གསུམ་པར་འཐབ་འཁྲུག་བྱུང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བསྡོམས་རྩིས་གྲངས་ཀ་ལྟར་ན། འཐབ་འཁྲུག་ཁྲོད་ནས་ད་ལྟའི་བར་དུ་མི་ཁྲི་བདུན་རྐྱེན་ལམ་དུ་ཤོར་ཟེར། སི་རི་ཡའི་དབང་འཛིན་ལས་ཁུངས་ཀྱིས་ཁོ་ཚོ་འཕྲད་པ་ནི་ཕྱི་ཕྱོགས་ཀྱིས་མཚོན་ཆ་བཟང་བོས་རོགས་སྐྱོར་བྱས་པའི་དྲག་ཆས་མི་སྣ་རེད་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག