མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁས་ཏེའོ་ཡུས་གླིང་ཕྲན་གྱི་མཇུག་མཐའི་བདག་དབང་ཐད་ལ་ལངས་ཕྱོགས་ཅི་ཡང་མི་འཛིན་ཞེས་བཤད་པ།

རྩོམ་པ་པོ། བཀྲ་ཤིས་འབུམ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-04 11:20

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མགྲིན་ཚབ་པ་ཝུན་ཐི་ལོས་ཨར་གྱིས་ཟླ5བའི་ཚེས1ཉིན་བཤད་རྒྱུར། ཨ་མེ་རི་ཁས་ཏེའོ་ཡུས་གླིང་ཕྲན་གྱི་མཇུག་མཐའི་བདག་དབང་ཐད་ལ་ལངས་ཕྱོགས་ཅི་ཡང་མི་འཛིན་ཟེར།

ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཀྲང་ཧ་ཀིར་གྱིས་ཟླ་བཞི་བའི་ཚེས་ཉེར་དགུ་ཉིན་ཧྭ་ཧྲིན་ཏུང་ནས་འཇར་པན་གྱི་འགོག་སྲུང་བློན་ཆེན་ཞོ་ཡེ་ཧྲི་བུའུ་ཏེན་ལ་ཐུག་འཕྲད་བྱེད་སྐབས་བཤད་རྒྱུར། ཨ་མེ་རི་ཁ་ཕྱོགས་ཀྱིས་ཏེའོ་ཡུས་གླིང་ཕྲན་གྱི་ཁོངས་གཏོགས་གནད་དོན་ཐད་ནས་ཕྱོགས་གང་རུང་ལ་ལངས་ཕྱོགས་ཅི་ཡང་མི་འཛིན་མོད། འོན་ཀྱང་ཨ་མེ་རི་ཁ་ཕྱོགས་ཀྱིས་འཇར་པན་ཕྱོགས་ཀྱི་ཏེའོ་ཡུས་གླིང་ཕྲན་གྱི་དོ་དམ་མངའ་ཁོངས་དབང་ཆར་ཁས་ལེན་པ་དང་། འཇར་པན་གྱི་དོ་དམ་མངའ་ཁོངས་ཀྱི་དབང་ཆར་གཏོར་བརླག་བྱེད་པའི་ཕྱོགས་གཅིག་དང་བཙན་ཤུགས་རང་བཞིན་གྱི་བྱ་སྤྱོད་གང་རུང་ལ་ངོ་རྒོལ་བྱེད་ངེས་ཡིན་ཟེར།

ཨ་མེ་རི་ཁར་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཆེན་མོ་ཚོས་ཐེན་ཁེ་ཡིས་ཟླ་བཞི་བའི་ཚེས་སུམ་ཅུ་ཉིན་གོང་གི་སྐད་ཆ་དེར་དམིགས་ཏེ་ཕྱོགས་གཅིག་གི་བཙན་ཤེད་བྱ་སྤྱོད་བཀོལ་བ་ནི་འཇར་པན་ཕྱོགས་ཡིན་པ་ལས་ཀྲུང་གོ་མིན་པ་དང་། ཀྲུང་གོ་ཕྱོགས་ཀྱིས་འཇར་པན་གྱི་ཏེའོ་ཡུས་གླིང་ཕྲན་གྱི་བདག་དབང་དང་དོ་དམ་མངའ་ཁོངས་དབང་ཆ་ཁས་མི་ལེན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག