མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁས་ཁྲའོ་ཞན་གྱིས་ཁྲིམས་ཐག་བཅད་པའི་ཨ་མེ་རི་ཁའི་སྤྱི་དམངས་མྱུར་དུ་ཕྱིར་གཏོང་དགོས་པའི་འབོད་སྐུལ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-03 11:05

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མགྲིན་ཚབ་པ་ཕ་ཐི་ལེ་ཁི་ཝུན་ཐི་ལེར་གྱིས་སྤྱི་ཟླ5བའི་ཚེས2ཉིན་ཁྲའོ་ཞན་གྱིས་ཁྲའོ་ཞན་ཆེས་མཐོ་ཁྲིམས་གཅོད་ཁང་གིས་ལོ15ཡི་ངལ་རྩོལ་སྦྱོང་བརྡར་གྱི་ཁྲིམས་ཐག་བཅད་པའི་ཨ་མེ་རི་ཁའི་སྤྱི་དམངས་ཕེ་ཅུན་ཧའོ་ཕྱིར་གཏོང་དགོས་པའི་འབོད་སྐུལ་བཏང་།

ཝུན་ཐི་ལེར་གྱིས་ཉིན་དེར་ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བསྡུས་པའི་གསར་འགོད་པའི་ཚོགས་འདུའི་སྟེང་བཤད་རྒྱུར། ང་ཚོའི་ཆེས་གལ་ཆེ་བའི་དམིགས་བསལ་གྱི་ལས་འགན་ནི་ཕྱི་རྒྱལ་ན་ཡོད་པའི་ཨ་མེ་རི་ཁའི་སྤྱི་དམངས་ཀྱི་བདེ་སྐྱིད་དང་བདེ་འཇགས་ལ་ཁག་ཐེག་བྱེད་རྒྱུ་དེ་ཡིན་ཞིང་། ང་ཚོསགི་ཁྲའོ་ཞན་དབང་འཛིན་ལས་ཁུངས་ཀྱིས་ཕེ་ཅུན་ཧའོ་མྱུར་དུ་ཕྱིར་གཏོང་དགོས་ཟེར།

ཁྲའོ་ཞན་ཀྲུང་དབྱང་འཕྲིན་གཏོང་ཁང་གིས་སྤྱི་ཟླ5བའི་ཚེས2ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཕེ་ཅུན་ཧའོ་ན་ནིང་གནས་སྐོར་ལ་ཡོང་བར་ཁ་གཡར་ཏེ་ཁྲའོ་ཞན་དུ་ཡོང་རྗེས་འཛིན་བཟུང་བྱས་པ་ཡིན་ལ། སྤྱི་ཟླ4བའི་ཚེས30ཉིན་ཁྲའོ་ཞན་ཆེས་མཐོ་ཁྲིམས་གཅོད་ཁང་གིས་ཁྲའོ་ཞན་ལ་ངོ་རྒོལ་བྱེད་པའི་དགྲར་འཛིན་འགུལ་སྐྱོད་སྤེལ་བའི་ཉེས་མིང་བཏགས་ཏེ་ལོ་བཅོ་ལྔའི་ངལ་རྩོལ་སྦྱོང་བརྡར་གྱི་ཁྲིམས་ཐག་བཅད་ཟེར།

གཞན་ཡང་ཧན་གོའི་གསར་འགྱུར་ལས་ཁུངས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཕེ་ཅུན་ཧའོ་ནི་གནས་སྐོར་ལས་དོན་གཉེར་བའི་ཧན་གོའི་རྒྱུད་ཀྱི་ཨ་རི་པ་ཞིག་ཡིནལ། 2012ལོའི་སྤྱི་ཟླ11པར་ཁོས་གནས་སྐོར་པ་ཁྲིད་དེ་ཁྲའོ་ཞན་དུ་སོང་རྗེས་ཁྲའོ་ཞན་གྱིས་བཀག་སྐྱིལ་བྱས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག