མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སོ་མ་ལེར་རོགས་སྐྱོབ་བྱེད་པའི་ཚོགས་པ་འཛུགས་པར་ཆོག་མཆན་བཀོད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-03 11:04

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་སྤྱི་ཟླ5བའི་ཚེས2ཉིན་གྲོས་ཆོད་ཅིག་ལ་གྲོས་འཆམ་བྱུང་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་གྲོས་གཞི་ལྟར། སྤྱི་ཟླ3པའི་ཚེས3ཉིན་དྲུང་ཡིག་ཆེན་མོའི་དམིགས་བསལ་འཐུས་མིས་མགོ་ཁྲིད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སོ་མ་ལེར་རོགས་སྐྱོབ་བྱེད་པའི་ཚོགས་པ་འཛུགས་རྒྱུའི་ཐག་བཅད་པ་དང་། ཚོགས་པ་དེའི་ཐོག་མའི་འགན་འཁུར་ཡུན་ལོ1ཡིན་ལ། ད་དུང་ཇེ་རིང་དུ་གཏོང་བར་བསམ་གཞིགས་གཏོང་རྒྱུ་རེད།

གྲོས་ཆོད་ནང་དུ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སོ་མ་ལེ་རོགས་སྐྱོབ་ཚོགས་པའི་ལས་འགན་གྱི་གྲས་སུ་སོ་མ་ལེ་སྲིད་གཞུང་གི་ཞི་བདེ་དང་འགྲིག་མཐུན་འཕེལ་རིམ་ལ་རྒྱབ་སྐྱོར་བྱེད་པ་དང་། སོ་མ་ལེ་སྲིད་གཞུང་དང་ཨ་ཧྥེ་རི་ཁ་མནའ་འབྲེལ་གྱི་སོ་མ་ལེ་རུ་སྡོད་པའི་ཆེད་མངགས་ཚོགས་པར་རྒྱབ་སྐྱོར་བྱས་ཏེ། ཞི་བདེ་ལ་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་ཀྱི་འཛུགས་སྐྲུན་ཐད་འཐབ་ཇུས་དང་སྲིད་ཇུས་ཀྱི་བློ་འདོན་པ། ཕྱོགས་གཉིས་དང་ཕྱོགས་མང་བོའི་གྲོགས་པོར་མཉམ་ལས་བྱས་ཏེ། སོ་མ་ལེའི་བདག་དབང་ལ་ཡོངས་སུ་བརྩི་བཀུར་བྱེད་པའི་གནས་ཚུལ་འོག སོ་མ་ལེ་སྲིད་གཞུང་ལ་གཞོགས་འདེགས་བྱས་ཏེ་རྒྱལ་སྤྱིའི་ཕྱོགས་སོ་སོས་རོགས་སྐྱོར་བྱེད་པར་མཐུན་སྦྱོར་བྱེད་པ། སོ་མ་ལེ་སྲིད་གཞུང་གི་འཛུགས་ནུས་པ་ཇེ་ཆེར་གཏོང་རོགས་བྱེད་པ་སོགས་འདུ་འོས་ཞེས་བཀོད་ཡོད།

གྲོས་ཆོད་ནང་དུ་ད་དུང་སོ་མ་ལེ་སྲིད་གཞུང་གི་རེ་བ་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སོ་མ་ལེ་རོགས་སྐྱོབ་ཚོགས་པས་ལུགས་མཐུན་གྱི་གནས་ཚུལ་འོག སྤྱིའི་ལས་ཁུངས་སོ་མ་ལེའི་རྒྱལ་ས་ཏེ་ཀ་མོ་ཧྲ་ནས་འཛུགས་རྒྱུ་མ་ཟད། སོ་མ་ལེའི་རྒྱལ་ཡོངས་སུ་བྱ་བ་བཀོད་སྒྲིག་བྱེད་རྒྱུ་ཡིན་ཞེས་བཀོད་ཡོད།

སོ་མ་ལེ་ནས1991ལོ་ནས་བཟུང་ཟིང་འཁྲུག་བྱུང་བ་དང་།2004ལོར་བཙུགས་པའི་བར་བརྒལ་སྲིད་གཞུང་གིས་རྒྱལ་ཡོངས་ལ་ཚོད་འཛིན་བྱེད་མ་ཐུབ། 2012ལོའི་སྤྱི་ཟླ9བར་སོ་མ་ལེའི་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་གིས་མ་ཧ་མའོ་ཏི་ཙུང་ཐུང་ལ་བདམས་པ་དེས་ལོ21རིང་གི་ཆབ་སྲིད་བར་བརྒལ་གྱི་དུས་སྐབས་མཇུག་རྫོགས་པ་མཚོན་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག