མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་རིས་སི་རི་ཡར་མཚོན་ཆ་མཁོ་འདོན་མི་བྱེད་རྒྱུའི་ལངས་ཕྱོགས་ལ་བསྐྱར་དུ་བསམ་གཞིགས་བྱེད་བཞིན་ཡོད་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-05-03 11:04

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་རིའི་རྒྱལ་སྲུང་པུའུ་ཀྲང་ཧ་ཀེར་གྱིས་སྤྱི་ཟླ5བའི་ཚེས2ཉིན། ཨ་རི་སྲིད་གཞུང་གིས་སི་རི་ཡའི་ངོ་རྒོལ་ཤོག་ཁག་ལ་མཚོན་ཆ་མཁོ་འདོན་མི་བྱེད་རྒྱུའི་ལངས་ཕྱོགས་ལ་བསྐྱར་དུ་བསམ་གཞིགས་བྱེད་བཞིན་ཡོད་པའི་གཏན་འཁེལ་གནང་འདུག

ཧ་ཀེར་གྱིས་ལངས་ཕྱོགས་གང་ཞིག་ལ་བསྐྱར་དུ་བསམ་གཞིགས་བྱེད་པ་དེ་ངེས་པར་དུ་གང་ཞིག་བྱེད་མིན་མཚོན་གྱི་མེད། ཨ་རིས་རྒྱལ་སྤྱིའི་རོགས་པ་དང་མཉམ་དུ་འབྲེལ་ཡོད་གནད་དོན་ཐད་འཚོལ་བསྡུར་བྱ་རྒྱུ་ཡིན་ཞེས་དང་། ཁོང་གིས་མིག་སྔར་སི་རི་ཡའི་དུས་བབ་འགྱུར་བ་འགྲོ་མགྱོགས་པས། ཨ་རིས་ཕྱོགས་ཚང་མ་ནས་བསམ་གཞིགས་ནན་པོ་བྱེད་པའི་དགོས་པ་ཡོད་ཅེས་གསུངས་འདུག

ཨ་རིའི་གསར་འགྱུར་ལས་རིགས་ནས་དེའི་གོང་དུ་གནས་ཚུལ་སྤེལ་བའི་ནང་། ཨ་རིའི་ཙུང་ཐུང་ཨོ་པ་མས་སི་རི་ཡའི་ངོ་རྒོལ་ཤོག་ཁག་ལ་ཉེན་ཁ་ཆེ་བའི་མཚོན་ཆ་སྐྱེལ་རྩིས་ཡོད་པ་རེད་ཅེས་འཁོད་འདུག ཨོ་པ་མ་སྲིད་གཞུང་གིས་མཚོན་ཆའི་རོགས་སྐྱོར་བྱས་པ་དེ་ངོ་རྒོལ་ཤོག་ཁག་དྲག་ཆས་པའི་ཁྲོད་ཀྱི་ཐལ་སྐྱོད་པའི་ལག་ཏུ་ཐོབ་པར་སེམས་ཁྲལ་བྱེད་པའི་དབང་གིས། ད་བར་སི་རི་ཡའི་ངོ་རྒོལ་ཤག་ཁག་ལ་ཉེན་ཁ་མེད་པའི་དངོས་རྫས་རོགས་སྐྱོར་ལས་བྱས་མེད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག