མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

སི་རི་ཡའི་ཙུང་ཐུང་གིས་སྲིད་གཞུང་ལ་ངོ་རྒོལ་བྱེད་མཁན་ལ་འགོག་རྒོལ་བྱ་རྒྱུའི་རྣམ་པ་བསྟན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-05-03 11:04

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སི་རི་ཡའི་གསར་འགྱུར་ལས་རིགས་ནས་སྤྱི་ཟླ5བའི་ཚེས1ཉིན་གནས་ཚུལ་སྤེལ་བར་གཞིགས་ན། སི་རི་ཡའི་ཙུང་ཐུང་པ་ཧྲའར་གྱིས་ཉིན་དེར་རྒྱལ་ས་ཏ་མ་ཧྲེ་ཀེའི་གྲོང་ཁྱེར་ནང་ཁུལ་གྱི་སྤྱི་གླིང་ཞིག་ནང་ཡོང་ནས། སྤྱི་གླིང་ནང་གི་གློག་ཤུགས་བཟོ་པ་དང་མཉམ་དུ་ལྔ་གཅིག་རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་བཏང་བ་རེད།

གནས་ཚུལ་སྤེལ་བའི་ནང་། པ་ཧྲའར་གྱིས་ཙུང་ཐུང་ལས་ཤག་དང་རྒྱང་ཐག་མི་རིང་བའི་ཟླ་བཅུ་པའི་སྤྱི་གླིང་ནང་ཡོད་པའི་ཝུ་མད་ཡེ་གློག་ཁང་དུ་འཚམས་འདྲི་བྱས་པ་མ་ཟད། སྐབས་དེ་དུས་ལས་ཀ་བྱེད་བཞིན་པའི་གློག་ཤུགས་བཟོ་པར་དུས་ཆེན་སྤྲོ་པོ་ཡོང་བའི་སྨོན་འདུན་ཞུས་པ་རེད་ཅེས་འཁོད་འདུག

གནས་ཚུལ་སྤེལ་བར་གཞིགས་ན། པ་ཧྲའར་གྱིས་སྲིད་གཞུང་ལ་ངོ་རྒོལ་བྱེད་མཁན་དྲག་ཆས་པ་དང་འགོག་རྒོལ་མཐའ་གཅིག་ཏུ་བྱ་རྒྱུའི་དམ་བཅའ་བཞག་པ་དང་། ཁོང་གིས་དྲག་ཆས་པར་མགོ་བོ་མི་སྒུར་རྒྱུ་མ་ཟད། ནུས་ཤུགས་ཡོད་རྒུས་འགོག་རྒོལ་བྱ་རྒྱུའི་ནན་བཤད་བྱས་པ་དང་། དུས་སང་ད་ཚོད་ཉམས་ཉེན་ཐག་གཅོད་ཐུབ་པའི་རེ་བ་ཡོད་ཅེས་བསྟན་འདུག  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག