མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨོ་པཱ་མཱ་ཡིས་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་ལ་མཚོན་ཆའི་རོགས་སྐྱོར་འདོན་སྤྲོད་བྱེད་པར་བསམ་བློ་གཏོང་བཞིན་ཡོད་པར་བཤད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-02 11:21

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝ་ཧྲིན་ཏོན་གྱི་སྦྲགས་སྲིད་ཚགས་པར་སྟེང་སྤྱི་ཟླ5བའི་ཚེས1ཉིན་བཀོད་པའི་གནས་ཚུལ་ལྟར་ན། ཨ་མེ་རི་ཁའི་སྲིད་གཞུང་གིས་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་ལ་མཚོན་ཆའི་རོགས་སྐྱོར་འདོན་སྤྲོད་བྱེད་པར་བསམ་བློ་གཏོང་བཞིན་ཡོད་པ་དང་། ཙུང་ཐུང་ཨོ་པཱ་མཱ་ཡིས་མ་འོངས་པའི་གཟའ་འཁོར་འགའི་ནང་ཐག་གཅོད་བྱེད་རྒྱུ་རེད་ཟེར།

ཨ་མེ་རི་ཁའི་སྲིད་གཞུང་གི་མཐོ་རིམ་དཔོན་པོ་ཞིག་གིས་བཤད་རྒྱུར། ཨོ་པཱ་མཱ་ཡིས་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་ལ་མཚོན་ཆ་སྐྱེལ་འདྲེན་བྱེད་པར་གྲ་སྒྲིག་བྱས་ཡོད་པ་དང་། བྱེད་ཐབས་སྤྱད་དེ་ཙུང་ཐུང་པཱ་ཧྲ་ཨར་གྱིས་མགོ་ཁྲིད་པའི་སི་རི་ཡཱའི་སྲིད་གཞུང་རྩ་རྫོགས་བྱེད་པའི་ཐད་སྔར་ལས་སྟོབས་དང་ལྡན་པའི་མགོ་ཁྲིད་ནུས་པ་འདོན་སྤེལ་བྱེད་རྒྱུ་རེད་ཟེར།

དཔོན་པོ་དེས་བཤད་རྒྱུར། ཨོ་པཱ་མཱ་སྲིད་གཞུང་གིས་སྔར་བཞིན་ཆབ་སྲིད་ལ་བརྟེན་ནས་སི་རི་ཡཱའི་འཁྲུག་རྩོད་ཐག་གཅོད་པའི་ཐབས་ལམ་འཚོལ་ཞིབ་བྱེད་བཞིན་ཡོད་པ་དང་། མིག་སྔར་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་སི་རི་ཡཱའི་སྲིད་གཞུང་ལ་རྒྱབ་སྐྱོར་བྱེད་མཚམས་འཇོག་པར་ཁ་ཏ་བྱེད་བཞིན་ཡོད། རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་ཟླ་དྲུག་པའི་བྱང་ཨིར་ལན་གྱི་རྒྱལ་ཁབ་བརྒྱད་ཀྱི་སྡེ་ཚོགས་ཀྱི་མཐོ་རིམ་གྲོས་ཚོགས་སྐབས་སུ་གྲོས་མོལ་བྱེད་རྒྱུའི་འཆར་གཞི་ཡོད་ཀྱང་། ཨོ་པཱ་མཱ་ཡིས་དེའི་སྔོན་གྱི་གཟའ་འཁོར་འགའི་ནང་མཚོན་ཆའི་རོགས་སྐྱོར་གནད་དོན་ཐག་གཅོད་བྱེད་སྲིད་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག