མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་རྒྱལ་ས་ཨ་པུའུ་ཀྲ་པུས་ནས་དངུལ་ལོར་རང་དབང་ཉོ་ཚོང་ས་ཁུལ་འཛུགས་རྒྱུ་ཡིན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-02 11:21

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཙུང་ཐུང་ཨ་ལེ་ནཱ་ཧཱ་དབྱང་གིས་སྤྱི་ཟླ5བའི་ཚེས1ཉིན་ཨ་པུའུ་ཀྲང་པུས་ཀྱི་ཚོ་དཔོན་གྱི་མིང་ཐོག་ནས་རྒྱལ་ས་ཨ་པུའུ་ཀྲ་པུས་ཀྱི་མཱ་ལེ་ཡཱ་གླིང་ཕྲན་ནས་དངུལ་ལོར་རང་དབང་ཉོ་ཚོང་ས་ཁུལ་འཛུགས་པའི་སྐོར་གྱི་བཅའ་ཁྲིམས་བཀའ་རྒྱ་ཁྱབ་བསྒྲགས་བྱས།

བཅའ་ཁྲིམས་བཀའ་རྒྱ་དེ་ལྟར་ན། ཨ་པུའུ་ཀྲ་པུས་ཀྱི་འཛམ་གླིང་ཚོང་ར་ཞེས་པའི་དངུལ་ལོར་རང་དབང་ཉོ་ཚོང་ས་ཁུལ་དུ་ཚོང་གཉེར་བྱས་ཆོག་པའི་བྱ་འགུལ་ལ། དངུལ་ཁང་དང་དངུལ་ལོར་ཞབས་ཞུ། ནོར་སྲིད་དངུལ་གཏོང་། དུས་ཡུན་རིང་འབྲིང་གི་དངུལ་གཏའ་འཇོག་པའི་དངུལ་བུན་བྱེད་སྒོ། དངུལ་གཏའ་མེད་པའི་དངུལ་བུན་བྱེད་སྒོ། ཚོང་ལས་དངུལ་གཏོང་དང་ཚོང་ལས་དངུལ་གཏོང་དངུལ་ཁང་གི་བྱེད་སྒོ། སྒེར་གཉེར་དངུལ་ཁང་། དངུལ་གཏོང་ཀུང་ཟི། གློག་རྡུལ་དངུལ་ཁང་བྱེད་སྒོ། དངུལ་གཏོང་དོ་དམ་སོགས་བྱེད་སྒོ། དངུལ་འཛིན་ཉོ་ཚོང་དང་དངུལ་ལོར་གྱི་དབང་ཡུན། ཉེན་སེལ་ལས་རིགས། དངུལ་ཁང་བློ་འདྲིའི་ཞབས་ཞུ། དངུལ་ལོར་དང་དངུལ་གཏོང་གི་འབྲེལ་ཡོད་བྱེད་སྒོའི་ཞབས་ཞུ། བཅའ་ཁྲིམས་ཞབས་ཞུ། ཞིབ་རྩིས་དང་ཚོང་ལས་རྒྱབ་སྐྱོར། ཡིད་རྟོན་དངུལ་བུན་གྱི་དཔྱད་འཇོག་རིམ་པ། ཚོང་ལས་དང་དངུལ་ལོར་བྱ་འགུལ་ལ་འབྲེལ་བའི་བརྡ་འཕྲིན་ཞབས་ཞུ་སོགས་འདུས་ཡོད།

བཅའ་ཁྲིམས་བཀའ་རྒྱ་ལས་ད་རུང་ཚོང་ར་དེའི་ནང་གི་ཚོང་གཉེར་བྱ་འགུལ་ཚང་མ་ཚོང་རའི་ནང་དུ་ཆེད་དུ་བཙུགས་པའི་ཁྲིམས་ཁང་གི་བརྡས་གཅོད་དང་ལེན་བྱེད་དགོས་པ་ལས་གཞན། ཚོང་རའི་ནང་གི་རྒྱུ་ནོར་ལ་ལས་ཁུངས་དང་སྡེ་ཁག་གང་རུང་གིས་གཞུང་བཞེས་དང་བཀག་འཇོག ཚོད་འཛིན་བཅས་བྱེད་མི་རུང་བར་གཏན་འཁེལ་བྱས་ཡོད།   ། 

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག