མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་ཐཱ་ལེའི་ཙུང་ལི་གསར་བས་ཧྥ་རན་སི་རྒྱལ་ཁབ་ཏུ་འཚམས་འདྲི་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-02 11:21

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སིའི་ཙུང་ཐུང་ཨོ་ལིང་ཏི་དང་འཚམས་འདྲིར་ཡོང་བའི་དབྱི་ཐཱ་ལེའི་ཙུང་ལི་གསར་བ་ལེ་ཐཱ་གཉིས་ཀྱིས་སྤྱི་ཟླ5བའི་ཚེས1ཉིན་ཕཱ་རེ་སི་ནས་གྲོས་མོལ་བྱས་པ་དང་། ཕྱོགས་གཉིས་ཀྱིས་ཡོ་རོབ་གླིང་མནའ་འབྲེལ་གྱི་དངུལ་ཁང་མནའ་འབྲེལ་འཛུགས་པའི་གནད་དོན་ལ་གྲོས་བསྡུར་བྱས།

ཨོ་ལིང་ཏི་ཡིས་གྲོས་མོལ་བྱས་རྗེས་ལེ་ཐཱ་དང་མཉམ་དུ་གསར་འགོད་པར་སྣེ་ལེན་བྱེད་སྐབས་བསྟན་དོན། ཧྥ་རན་སི་དང་དབྱི་ཐཱ་ལེ་རྒྱལ་ཁབ་གཉིས་ཀྱིས་དངུལ་ཁང་མནའ་འབྲེལ་འཛུགས་པར་ཧ་ཅང་མཐོང་ཆེན་བྱེད་བཞིན་ཡོད་པ་དང་། འཇར་མན་དང་དབྱི་ཐཱ་ལེ། ཧྥ་རན་སི་སོགས་ཡོ་རོབ་གླིང་མནའ་འབྲེལ་གྱི་རྒྱལ་ཁབ་དག་གི་མགོ་ཁྲིད་པས་བལྟས་ན། ཡོ་རོབ་གླིང་མནའ་འབྲེལ་ལ་དངུལ་ཁང་ལ་ལྟ་རྟོག་བྱེད་པ་དང་ཉམས་ཉེན་ཐག་གཅོད་བྱེད་པ། དངུལ་ཁང་གི་དངུལ་འཇོག་ལ་འགན་སྲུང་བྱེད་པའི་ཡོ་བྱད་ལྡན་དགོས་པར་འདོད།

ལེ་ཐཱ་ཡིས་བསྟན་དོན། དངུལ་ཁང་མནའ་འབྲེལ་མངོན་འགྱུར་བྱེད་པ་ནི་ཡོ་རོབ་གླིང་མནའ་འབྲེལ་གྱི་བྱ་བའི་གཙོ་གནད་ཡིན་པས་ངེས་པར་དུ་ལག་བསྟར་ནན་མོ་བྱེད་དགོས། ཁོས་བཤད་རྒྱུར། ལས་ཞུགས་གནད་དོན་ཐག་གཅོད་བྱེད་ཆེད། ངེས་པར་དུ་ཁེ་ལས་ལ་ཁེ་སྤོགས་ཡོད་པར་བྱེད་དགོས་པས་དངུལ་ཁང་མནའ་འབྲེལ་མྱུར་དུ་མངོན་འགྱུར་བྱེད་དགོས་ཟེར། ཁོས་བལྟས་ན་དཔལ་འབྱོར་མནའ་འབྲེལ་དང་ནོར་སྲིད་མནའ་འབྲེལ། ཆབ་སྲིད་མནའ་འབྲེལ། དངུལ་ཁང་མནའ་འབྲེལ་བཅས་ཀྱི་ཁྲོད་དུ་དངུལ་ཁང་མནའ་འབྲེལ་ནི་རྒྱལ་ཁའི་གནད་འགག་ཡིན་པར་འདོད།  ། 

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག