མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧན་གོས་ཡང་བསྐྱར་ཁྲའོ་ཞན་གྱིས་ཁའེ་ཁྲིན་བཟོ་ལས་ར་བའི་རྒྱུན་ལྡན་གྱི་ལས་གཉེར་སླར་གསོ་བྱེད་པར་སྐུལ་མ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-02 11:20

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧན་གོའི་སྲིད་གཞུང་གིས་སྤྱི་ཟླ5བའི་ཚེས1ཉིན་ཡང་བསྐྱར་ཁྲའོ་ཞན་གྱིས་ལུགས་དང་མི་མཐུན་པའི་བྱ་སྤྱོད་བསྐྱུར་ནས་ཁའེ་ཁྲིན་བཟོ་ལས་ར་བའི་རྒྱུན་ལྡན་གྱི་ལས་གཉེར་སླར་གསོ་བྱེད་དགོས་པའི་སྐུལ་མ་བཏང་།

ཧན་གོའི་གཅིག་གྱུར་པུའུ་ཡི་མགྲིན་ཚབ་པ་ཅིན་ཅོང་ཞེ་ཡིས་ཉིན་དེར་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། ཁའེ་ཁྲིན་བཟོ་ལས་ར་བའི་གནད་དོན་བྱུང་བའི་རྒྱུ་རྐྱེན་ནི་ཁྲའོ་ཞན་གྱིས་ལུགས་དང་མི་མཐུན་པའི་བྱེད་ཐབས་སྤྱད་པའི་དབང་གིས་ཡིན་ཞིང་། ཧན་གོའི་སྲིད་གཞུང་གིས་ཐེངས་མང་བོར་ཁྲའོ་ཞན་ལ་གྲོས་མོལ་བྱེད་འདོད་ཡོད་པའི་ཚུལ་བསྟན་པ་དང་། ཕྱོགས་གཉིས་ཀྱིས་གྲོས་མོལ་ལ་བརྟེན་ནས་གནད་དོན་ཐག་གཅོད་བྱེད་དགོས་པའི་སྐུལ་མ་བཏང་མྱོང་ཟེར། ཁོས་ད་རུང་བསྟན་དོན། ཁྲའོ་ཞན་གྱིས་ཡང་དག་པའི་གདམ་གསེས་བྱས་ཏེ་ཧན་གོའི་ཕྱོགས་ཀྱི་གྲོས་མོལ་གྲོས་གཞི་དང་ལེན་བྱས་ནས། ཁའེ་ཁྲིན་བཟོ་ལས་ར་བའི་རྒྱུན་ལྡན་གྱི་ལས་གཉེར་སླར་གསོ་བྱེད་དགོས་ཟེར།

ཅིན་ཅོང་ཞེ་ཡིས་བཤད་རྒྱུར། མིག་སྔར་ཧན་གོའི་མི་བདུན་སྔར་བཞིན་ཁའེ་ཁྲིན་བཟོ་ལས་ར་བར་བསྡད་ཡོད་པ་དང་། ཁྲའོ་ཞན་ཕྱོགས་དང་མཉམ་དུ་ཟླ་ཕོགས་རྩིས་རྒྱག་བྱེད་པ་སོགས་གནད་དོན་ཐད་གྲོས་མོལ་བྱེད་བཞིན་ཡོད་ལ། གྲོས་མོལ་མཇུག་སྒྲིལ་རྗེས་གང་མགྱོགས་སྒོས་ཕྱིར་ཧན་གོར་འགྲོ་རྒྱུ་རེད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག