མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁས་པའོ་ཧྲི་ཏོན་འགས་གཏོར་དོན་རྐྱེན་གྱི་དོགས་ཡོད་ཉེས་ཅན་གསར་བ3གྱི་ཐོབ་ཐང་ཁྱབ་བསྒྲགས་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-02 11:20

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་པའོ་ཧྲི་ཏོན་རྒྱལ་ཕྲན་མཉམ་འབྲེལ་ཞིབ་དཔྱོད་དཔོན་པོའི་གཞུང་སྒྲུབ་ཁང་གིས་ཟླ་ལྔ་བའི་ཚེས་གཅིག་ཉིན་གསར་དུ་འཛིན་བཟུང་བྱས་པའི་པའོ་ཧྲི་ཏོན་མཱ་ལཱ་སུང་འགྲན་རྒྱུག་སྐབས་ཀྱི་འགས་གཏོར་དོན་རྐྱེན་གྱི་དོགས་ཡོད་ཉེས་ཅན3གྱི་ཐོབ་ཐང་ཁྱབ་བསྒྲགས་བྱས། མི་དེ་གསུམ་ནི་འགས་གཏོར་དོན་རྐྱེན་གྱི་དོགས་ཡོད་ཉེས་ཅན་གཙོ་བོ་ཅོ་ཧཱར་ཁྲ་ཨར་ནཱ་ཡེ་ཧྥུའུ་ཡི་སློབ་ཆེན་གྱི་སློབ་གྲོགས་ཡིན་པ་དང་། དེའི་ནང་མི་གཉིས་ཧཱ་སག་སི་ཐན་གྱི་མི་རེད།

རྒྱལ་ཕྲན་མཉམ་འབྲེལ་ཞིབ་དཔྱོད་དཔོན་པོའི་གཞུང་སྒྲུབ་ཁང་གི་གསལ་སྒྲོག་ལྟར་ན། མི་དེ་གསུམ་ནི་སོ་སོར་ཁཱ་ཏིས་ཨར་པཱ་ཡེ་ཧྥུའུ་དང་། ཐཱ་ཀྲ་ཡཱ་ཁི་ཧྥུའུ། ཧྥེ་ལེ་པའོ་སི་བཅས་རེད། ཁོ་ཚོ་ཚང་མ་ཅོ་ཧཱར་ཁྲ་ཨར་ནཱ་ཡེ་ཧྥུའུ་ཡི་ཏཱ་ཐི་མའོ་སི་མཱ་སཱ་ཀྲུའུ་སེ་སློབ་ཆེན་གྱི་སློབ་གྲོགས་ཡིན་པ་དང་། ཅོ་ཧཱར་ཁྲ་ཨར་ནཱ་ཡེ་ཧྥུའུ་དང་འདྲ་བར་ལོ་བཅུ་དགུ་རེད།

ཞིབ་དཔྱོད་དཔོན་པོའི་གཞུང་སྒྲུབ་ཁང་གིས་བཤད་རྒྱུར། ཁཱ་ཏིས་ཨར་པཱ་ཡེ་ཧྥུའུ་དང་ཐཱ་ཀྲ་ཡཱ་ཁི་ཧྥུའུ་ནི་ཧཱ་སག་སི་ཐན་གྱི་སྤྱི་དམངས་ཡིན་པ་དང་། ཨ་མེ་རི་ཁའི་སློབ་མའི་འཛིན་ཡིག་ཡོད། ཁོ་གཉིས་ཀྱིས་བདེན་དཔང་ལ་གཏོར་བརླག་དང་སྦས་སྐོང་། འགེབ་སྲུང་བཅས་བྱས་ཏེ་ཁྲིམས་འཛིན་ལ་བར་ཆད་བྱས་པ་རེད། ཧྥེ་ལེ་པའོ་སི་ནི་ཨ་མེ་རི་ཁའི་སྤྱི་དམངས་ཡིན་པ་དང་། ཁོས་འཇིགས་སྐུལ་རིང་ལུགས་ཀྱི་རྟོག་ཞིབ་སྐབས་སུ་རྒྱལ་ཕྲན་མཉམ་འབྲེལ་གྱི་རྟོག་ཞིབ་མི་སྣར་རྫུན་གཏམ་བཤད་པ་རེད། ཁཱ་ཏིས་ཨར་པཱ་ཡེ་ཧྥུའུ་དང་ཐཱ་ཀྲ་ཡཱ་ཁི་ཧྥུའུ་གཉིས་ཆེས་མང་ན་ལོ་ལྔ་ལ་བཙོན་འཇུག་བྱེད་པ་དང་ཨ་མེ་རི་ཁའི་སྒོར་མོ་འབུམ་གཉིས་དང་ཁྲི་ལྔའི་ཆད་པ་གཅོད་སྲིད་ལ། ཧྥེ་ལེ་པའོ་སི་ལ་ཆེས་མང་ན་ལོ་བརྒྱད་ཀྱི་བཙོན་འཇུག་དང་ཨ་མེ་རི་ཁའི་སྒོར་མོ་འབུམ་གཉིས་དང་ཁྲི་ལྔའི་ཆད་པ་གཅོད་སྲིད།

འབྲེལ་ཡོད་ཁྲིམས་ཁང་གི་ཡིག་ཆ་ལྟར་ན། འགས་གཏོར་དོན་རྐྱེན་བྱུང་རྗེས་ཁཱ་ཏིས་ཨར་པཱ་ཡེ་ཧྥུའུ་དང་ཐཱ་ཀྲ་ཡཱ་ཁི་ཧྥུའུ་གཉིས་ཀྱིས་ཁྲ་ཨར་ནཱ་ཡེ་ཧྥུའུ་ཡི་མལ་ཁང་ནས་རྩིས་འཁོར་དང་ཤོག་སྦག་བཅུག་པའི་རྒྱབ་ཁུག་ཅིག་ཁྱེར་ནས་གནས་གཞན་དུ་བསྐྱུར། ཁྲིམས་འཛིན་སྐྱོན་འཛུགས་ལ་བར་ཆད་མ་བཟོས་གོང་དཔོན་ཕྱོགས་ཀྱིས་ལམ་ཡིག་གི་འབྲེལ་ཡོད་གཏན་འཁེལ་དང་འགལ་ཡོད་པ་རྒྱུ་མཚན་དུ་བྱས་ཏེ་ཁོ་གཉིས་བཀག་འཇུག་བྱས་པ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག