མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཅེ་ཁིའི་རྒྱལ་སའི་སྡོད་དམངས་ཐོག་ཁང་ཞིག་ལ་འགས་གཏོར་བྱུང་སྟེ་མི་ལྔ་བཅུ་ལྷགལ་རྨས་ཕོག་པ།

    2013-04-30 10:57

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཅེ་ཁིའི་རྒྱལ་ས་པུའུ་ལཱ་ཀི་གྲོང་ཁྱེར་ལྟེ་གནས་ཀྱི་སྡོད་དམངས་ཐོག་ཁང་ཞིག་ནས་ཚེས་ཉེར་དགུའི་ཉིན་སོལ་རླངས་འགས་གཏོར་བྱུང་སྟེ། མི་ལྔ་བཅུ་ལྷག་ལ་རྨས་ཕོག དེའི་ནང་མི་བཞིའི་རྨས་སྐྱོན་ཚབས་ཆེན་ཡིན། འགས་གཏོར་དོན་རྐྱེན་དེ་ཉིན་དེའི་སྔ་དྲོའི་དུས་ཚོད་བཅུ་ཡས་མས་སུ་བྱུང་བ་དང་། འགས་གཏོར་གྱི་ཤུགས་ལས་སྨིད་བརྒྱ་ཕྲག་འགའི་ཕ་རོལ་དུ་ཡོད་པའི་ཟློས་གར་ཁང་ཆེན་མོའི་ཚོམས་ཁང་གི་ཤེལ་སྒོར་ཆག་སྐྱོན་ཤོར། པུའུ་ལཱ་ཀིའི་མེ་གསོད་རུ་ཁག་གི་འགན་ཁུར་བས་བཤད་རྒྱུར། འགས་གཏོར་བྱུང་སར་སོལ་རླངས་ཀྱི་དྲི་མས་ཁྱབ་ཡོད་པས། ཡང་བསྐྱར་འགས་གཏོར་འབྱུང་བར་སེམས་ཁུར་བྱས་ཏེ་སྡོད་དམངས་ཐོག་ཁང་དེའི་ནང་གི་མི་ཉིས་བརྒྱ་དང་ཉི་ཤུ་ལྷག་བདེ་འཇགས་ཀྱི་གནས་སུ་བསྐྱལ་ཟེར། དོན་རྐྱེན་བྱུང་རྗེས་ཉེན་རྟོག་ཕྱོགས་ཀྱིས་འགས་གཏོར་བྱུང་སར་བཀག་སྡོམ་བྱས་ཏེ་རྒུད་སྐྱོབ་བྱ་བ་སྤེལ། རྒུད་སྐྱོབ་ལྟེ་གནས་ཀྱི་འགན་ཁུར་བས་བཤད་རྒྱུར། ཞིག་རོའི་འོག་ཏུ་མི་གསུམ་དང་བཞི་མནན་ཡོད་ངེས་རེད་ཟེར། ཉེན་རྟོག་ཕྱོགས་ཀྱིས་འགས་གཏོར་གྱི་འབྱུང་རྐྱེན་དེ་ཐོལ་བྱུང་གི་དོན་རྐྱེན་ཞིག་ཡིན་མིན་ལ་རྟོག་ཞིབ་བྱེད་བཞིན་ཡོད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག