མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་ཧྥུའུ་ཧན་དང་ཧྥུན་ལན་རྒྱལ་ཁབ་གཉིས་ཀྱིས་མཉམ་ལས་གྲོས་མཐུན་བཀོད་པ།

    2013-04-30 10:57

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་ཧྥུའུ་ཧན་གྱི་ཙུང་ཐུང་ཁཱ་ཨར་ཀྲ་དབྱེ་ཡིས་ཚེས་ཉེར་དགུའི་ཉིན་ཧྥུན་ལན་རྒྱལ་ཁབ་ཏུ་འཚམས་འདྲི་བྱས་ཏེ། ཧྥུན་ལན་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་དང་མཉམ་དུ་ཧྥུན་ལན་གྱིས་མུ་མཐུད་དུ་ཨ་ཧྥུའུ་ཧན་ལ་རོགས་སྐྱོར་བྱེད་པ་དང་། ཨ་ཧྥུའུ་ཧན་དང་ཧྥུན་ལན་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ་སོགས་གནད་དོན་ཐད་ནས་གྲོས་མཐུན་བཀོད། དེ་ནི་ཁཱ་ཨར་ཀྲ་དབྱེ་ཡིས་ཐོག་དང་པོར་ཧྥུན་ལན་རྒྱལ་ཁབ་ལ་འཚམས་འདྲི་བྱས་པ་རེད། དུས་ཡུན་ཉིན་གཅིག་ཡིན་པའི་བྱ་བའི་འཚམས་འདྲིའི་ཁྲོད། ཁཱ་ཨར་ཀྲ་དབྱེ་ཡིས་ཧྥུན་ལན་གྱི་ཙུང་ཐུང་ནེ་ནེ་སི་ཐི་དང་ཙུང་ལི་ཁཱ་ཐེ་ཉིན་གཉིས་ལ་གྲོས་མོལ་བྱས། ཁཱ་ཨར་ཀྲ་དབྱེ་ཡིས་ཁཱ་ཐེ་ཉིན་དང་མཉམ་དུ་གྲོགས་པོའི་འབྲེལ་བའི་གྲོས་མཐུན་ཞིག་བཀོད་དེ་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ལ་སྒྲོམ་གཞི་གཏན་འབེབས་བྱས། གྲོས་མོལ་བྱས་རྗེས་ཀྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་ནེ་ནེ་སི་ཐི་ཡིས་བསྟན་དོན། ཉིས་སྟོང་བཅུ་བཞི་ལོར་བྱང་ཆིངས་རྩ་འཛུགས་ཀྱི་དམག་དཔུང་ཨ་ཧྥུའུ་ཧན་ནས་ཕྱིར་འཐེན་བྱས་རྗེས། ཧྥུན་ལན་གྱིས་མུ་མཐུད་དུ་ཨ་ཧྥུའུ་ཧན་གྱི་འཕེལ་རྒྱས་ཐད་རོགས་སྐྱོར་བྱེད་རྒྱུ་ཡིན་ཟེར། ཁཱ་ཨར་ཀྲ་དབྱེ་ཡིས་བསྟན་དོན། ཧྥུན་ལན་གྱིས་མ་འོངས་པར་གཏེར་འདོན་ལག་རྩལ་དང་སློབ་གསོ་སོགས་ཀྱི་ཐད་ནས་ཨ་ཧྥུའུ་ཧན་ལ་སྔར་ལས་རོགས་རམ་མང་བོ་བྱེད་རྒྱུའི་རེ་བ་བཏོན། ཧྥུན་ལན་རྒྱལ་ཁབ་ནི་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་མིན་ཡང་། མིག་སྔར་ཨ་ཧྥུའུ་ཧན་དུ་ཉམས་ཉེན་དོ་དམ་གྱི་དམག་མི་བརྒྱ་དང་ཞེ་ལྔ་བཅའ་སྡོད་བྱས་ཡོད་ལ། བྱང་ཆིངས་རྩ་འཛུགས་ཀྱིས་མགོ་ཁྲིད་པའི་རྒྱལ་སྤྱིའི་བདེ་འཇགས་རོགས་སྐྱོར་དམག་དཔུང་གི་ཞི་བདེའི་སྲུང་སྐྱོབ་འགུལ་སྐྱོད་ནང་ཞུགས་ཡོད། ཉིས་སྟོང་བཅུ་བཞི་ལོའི་ལོ་མཇུག་སྔོན། བྱང་ཆིངས་རྩ་འཛུགས་རྒྱལ་སྤྱིའི་བདེ་འཇགས་དམག་དཔུང་ཨ་ཧྥུའུ་ཧན་ནས་ཕྱིར་འཐེན་བྱེད་རྒྱུ་ཡིན་པ་དང་། ཧྥུན་ལན་དམག་དཔུང་གི་འགྲོ་སྡོད་མིག་སྔར་ད་རུང་ཐག་གཅོད་བྱས་མེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག