མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གྱིས་འཕུར་མདའི་འགོག་སྲུང་གནད་དོན་ཐག་གཅོད་བྱས་ཏེ་ཨུ་རུ་སི་དང་ཨ་མེ་རི་ཁའི་འབྲེལ་བ་ལེགས་བཅོས་བྱེད་རྒྱུའི་ཚུལ་བསྟན་པ།

    2013-04-30 10:57

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་དཔོན་ཕྱོགས་དྲ་ཚིགས་སྟེང་ཚེས་ཉེར་དགུའི་ཉིན་ཁྱབ་སྒྲོག་བྱས་པའི་བཅར་འདྲི་ཞིག་གི་ནང་བསྟན་དོན། གལ་ཏེ་ཨུ་རུ་སི་དང་ཨ་མེ་རི་ཁས་འཕུར་མདའི་འགོག་སྲུང་གནད་དོན་ཐད་ནས་གྲོས་མཐུན་འགོད་ཐུབ་ན། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཆུ་ཚད་གསར་བ་ཞིག་ཏུ་འཕེལ་རྒྱས་སུ་འགྲོ་སྲིད་ཟེར། ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཉེ་སྔོན་ཨ་མེ་རི་ཁའི་ཕྱི་འབྲེལ་སྲིད་ཇུས་ཞེས་པའི་དུས་དེབ་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་བསྟན་དོན། ཨུ་རུ་སི་དང་ཨ་མེ་རི་ཁས་འཕུར་མདའི་འགོག་སྲུང་གནད་དོན་ཐད་ནས་གཅིག་མཐུན་གྱི་འགུལ་སྐྱོད་སྤེལ་ན། ཉིང་རྡུལ་ནུས་པའི་འཇིགས་ཉེན་འགོག་པའི་བྱེད་ཐབས་ནུས་ལྡན་ཞིག་ཡིན་པར་མ་ཟད། ཨུ་རུ་སི་དང་བྱང་ཆིངས་རྩ་འཛུགས་ཀྱི་འབྲེལ་བ་ཆུ་ཚད་གསར་བ་ཞིག་ཏུ་འཕེལ་རྒྱས་སུ་གཏོང་ཐུབ་ཟེར། ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བཤད་རྒྱུར། ཨུ་རུ་སི་དང་ཨ་མེ་རི་ཁས་མཉམ་འབྲེལ་གྱི་འཕུར་མདའི་འགོག་སྲུང་མ་ལག་བཙུགས་ན། ཕན་ནུས་ལྡན་པའི་སྒོ་ནས་ཡོ་རོབ་གླིང་ས་ཁུལ་གྱི་མདུན་དུ་ལྷགས་པའི་ཉིང་རྡུལ་ནུས་པའི་འཇིགས་ཉེན་སྔོན་འགོག་བྱེད་ཐུབ་ཟེར། ཁོས་བཤད་རྒྱུར། ཕྱོགས་གཉིས་ཀྱི་འཕུར་མདའི་གནད་དོན་ཐད་ཀྱི་གྲོས་མོལ་ལ་གྲུབ་འབྲས་ཅི་ཡང་བྱུང་མེད་ལ། ཨ་མེ་རི་ཁ་ཕྱོགས་ཀྱིས་འཕུར་མདའི་འགོག་སྲུང་གནད་དོན་ཐད་ནས་ལངས་ཕྱོགས་བསྒྱུར་འདོད་མེད་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག