མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སི་དང་འཇར་པན་གྱིས་ཞི་བདེའི་ཆིངས་ཡིག་འགོད་པའི་གནད་དོན་ཐད་ནས་འབྲེལ་འདྲིས་ལ་ཤུགས་སྣོན་རྒྱུའི་ཚུལ་བསྟན་པ།

    2013-04-30 10:57

   ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་ཉེར་དགུའི་ཉིན་ཁི་ལི་མུའུ་ལིན་ཕོ་བྲང་ནས་འཚམས་འདྲིར་ཡོང་བའི་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་དང་གྲོས་མོལ་བྱས། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱིས་ཞི་བདེའི་ཆིངས་ཡིག་འགོད་པའི་གནད་དོན་ཐད་ནས་འབྲེལ་འདྲིས་ལ་ཤུགས་སྣོན་རྒྱུའི་ཚུལ་བསྟན།

ཕུའུ་ཅིན་གྱིས་གྲོས་མོལ་བྱས་རྗེས་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། ཕྱོགས་གཉིས་ཀྱིས་གྲོ་སམོལ་བྱེད་སྐབས་རྒྱལ་ཁབ་གཉིས་ཀྱིས་ཞི་བདེའི་ཆིངས་ཡིག་འགོད་པའི་གནད་དོན་གླེང་བ་དང་། ང་ཚོས་རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་པུའུ་ཡིས་འབྲེལ་འདྲིས་ལ་ཤུགས་སྣོན་བྱས་ཏེ་ཕྱོགས་གཉིས་ཀྱིས་དང་ལེན་བྱེད་ཐུབ་པའི་ཐག་གཅོད་ཇུས་གཞི་ཞིག་འཚོལ་ཞིབ་བྱེད་དགོས་པའི་བཅོལ་གདམ་བྱས་ཡོད་ཟེར།

ཨན་པའེ་ཅིན་སན་གྱིས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་འཇར་པན་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱིས་ཞི་བདེའི་ཆིངས་ཡིག་འགོད་པའི་གྲོས་མོལ་ལ་གྲུབ་འབྲས་ཅི་ཡང་མེད་པ་དང་། ཕྱོགས་གཉིས་ཀྱིས་ཉིན་དེའི་གྲོས་མོལ་སྐབས་འབྲེལ་ཡོད་གྲོས་མོལ་སླར་གསོ་བྱེད་རྒྱུ་མ་ཟད་གྲོས་མོལ་འཕེལ་རིམ་ཇེ་མགྱོགས་སུ་གཏོང་བར་འཐད་པ་བྱུང་། ཁོས་དངོས་སུ་འཇར་པན་དང་ཨུ་རུ་སིའི་བར་གྱི་གནད་དོན་གལ་ཆེན་དེ་ཐག་གཅོད་བྱེད་པར་འགན་ཁུར་ནས་འབད་བརྩོན་གང་ལེགས་བྱས་ཏེ་གནད་དོན་ཐག་གཅོད་བྱེད་པར་ཡར་སྐུལ་བྱེད་རྒྱུ་ཡིན་ཟེར།

ཕྱོགས་གཉིས་ཀྱིས་གྲོས་མོལ་བྱས་རྗེས་ཨུ་རུ་སི་དང་འཇར་པན་གྱི་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་མཉམ་འབྲེལ་གསལ་སྒྲོག་བཀོད་དེ། གྲོས་མོལ་ལ་བརྟེན་ནས་འགལ་བ་མེད་པར་བཟོ་བ་དང་། སྔར་ཡོད་ཀྱི་ཡིག་ཆ་དང་གྲོས་མཐུན་གྱི་རྨང་གཞིའི་སྟེང་ཞི་བདེའི་ཆིངས་ཡིག་གི་གྲོས་མོལ་འཕེལ་རིམ་ལ་ཡར་སྐུལ་བྱས་ཏེ། ཞི་བདེའི་ཆིངས་ཡིག་འགོད་པར་བརྩོན་ལེན་བྱེད་རྒྱུ་ཡིན་ཟེར།

ཆན་ཏའོ་ལྷོ་མའི་གླིང་ཚོམས་ཀྱི་བདག་དབང་གནད་དོན་ནི་ཨུ་རུ་སི་དང་འཇར་པན་གྱི་འབྲེལ་བའི་འཕེལ་རྒྱས་དང་རྒྱལ་ཁབ་གཉིས་ཀྱིས་ཞི་བདེའི་ཆིངས་ཡིག་འགོད་པའི་བཀག་རྒྱ་གཙོ་བོ་ཡིན། འཇར་པན་གྱིས་འཇར་པན་དང་ཨུ་རུ་སིའི་མངའ་ཁོངས་རྩོད་གླེང་དང་ཞི་བདེའི་ཆིངས་ཡིག་འགོད་པའི་བར་གྱི་འབྲེལ་བ་མེད་པར་གཏོང་རྒྱུ་རེད། མངའ་ཁོངས་གནད་དོན་དུས་ཡུན་རིང་བོར་ཐག་གཅོད་མ་ཐུབ་པའི་དབང་གིས་རྒྱལ་ཁབ་གཉིས་ཀྱིས་ད་ལྟའི་བར་ཞི་བདེའི་ཆིངས་ཡིག་འགོད་མ་ཐུབ་པ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག