མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཁྲའོ་ཞན་གྱིས་ཧན་གོའི་མི་སྣ་ཞེ་གསུམ་ཕྱིར་འགྲོ་བར་ཆོག་མཆན་བཀོད་པ།

    2013-04-30 10:57

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧན་གོའི་གཅིག་གྱུར་པུའུ་ཡི་མི་སྣས་ཚེས་ཉེར་དགུའི་ཉིན་བཤད་རྒྱུར། ཁྲའོ་ཞན་གྱིས་ཁའེ་ཁྲིན་བཟོ་ལས་ར་བར་ཡོད་པའི་ཧན་གོའི་ཕྱོགས་ཀྱི་མི་སྣ་ཞེ་གསུམ་ཚེས་ཉེར་དགུའི་ཉིན་གྱི་དགོང་མོར་ཕྱིར་ཧན་གོར་ལོག་པར་ཆོག་མཆན་བཀོད་པ་དང་། དེའི་འཕྲོའི་ཧན་གོའི་མི་བདུན་ཁྲའོ་ཞན་ཕྱོགས་བར་མ་དངུལ་གྱི་གནད་དོན་ཡོད་པས་གནས་སྐབས་སུ་བཟོ་ལས་ར་བར་སྡོད་དུ་བཅུག་པ་རེད་ཟེར། ཧན་གོའི་སྲིད་གཞུང་གི་སྔོན་གྱི་འཆར་གཞི་ལྟར་ན་ཉིན་དེར་ཁའེ་ཁྲིན་བཟོ་ལས་ར་བར་ཡོད་པའི་ཧན་གོའི་ཕྱོགས་ཀྱི་མི་སྣ་ལྔ་བཅུ་བོ་ཚང་མ་ཕྱིར་འཐེན་བྱེད་རྒྱུའི་འཆར་གཞི་ཡོད་ཀྱང་། ཁྲའོ་ཞན་ཕྱོགས་ཀྱིས་ཟླ་ཕོགས་རྩིས་རྒྱག་བྱེད་པའི་རེ་བ་བཏོན་པའི་དབང་གིས་ཧན་གོའི་མི་བདུན་གྱིས་ཁྲའོ་ཞན་བར་དངུལ་སྤྲོད་ཇུས་གཞི་ཞིབ་རྒྱས་འགོད་པ་སོགས་ཀྱི་ཐད་བསམ་ཚུལ་གཅིག་གྱུར་བྱུང་རྗེས་ད་གཟོད་རྒྱལ་ནང་དུ་ལོག་ཆོག་པ་རེད། རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། བཟོ་ལས་ར་བ་ནས་རླངས་འཁོར་ལ་བསྡད་དེ་ཧན་གོའི་མངའ་ཁོངས་སུ་འགྲོ་སའི་ལས་དོན་ཁང་དུ་བགྲོད་པར་སྐར་མ་བཅུའི་ལམ་ཐག་ལས་མེད་ཀྱང་། ས་དེའི་དགོང་མོའི་དུས་ཚོད་བཅུ་གཅིག་དང་སྐར་མ་ཞེ་ལྔའི་བར་ཕྱིར་ཧན་གོར་ལོག་པར་ཆོག་མཆན་ཐོབ་པའི་ཧན་གོའི་མི་སྣ་དག་བཟོ་ལས་ར་བ་ནས་ལམ་དུ་ཆས་མེད། ཁའེ་ཁྲིན་བཟོ་ལས་ར་བ་དེ་ཁྲའོ་ཞན་ལྷོ་ཕྱོགས་ཀྱི་རྒྱལ་མཚམས་ས་ཁུལ་དུ་གནས་ཤིང་། ཧན་གོ་དང་ཁྲའོ་ཞན་གྱི་མིག་སྔའི་དཔལ་འབྱོར་མཉམ་ལས་ལས་གཞི་གཅིག་པུ་ཡིན། ཁའེ་ཁྲིན་བཟོ་ལས་ར་བ་དེ་ཉིས་སྟོང་ལྔ་ལོར་གཉེར་མགོ་བརྩམས་རྗེས། ཧན་གོའི་ཁེ་ལས་བརྒྱ་དང་ཉི་ཤུ་ལྷག་གནས་དེར་བསྡད་དེ་ཚོང་གཉེར་བྱེད་བཞིན་ཡོད་པ་དང་། ཁྲའོ་ཞན་གྱི་བཟོ་བ་ཁྲི་ལྔ་དང་སྟོང་བཞི་ཙམ་བཀོལ་སྤྱོད་བྱེད་བཞིན་ཡོད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག