མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་སྤྱི་ཚོགས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་མན་ཀུའུ་ནས་ཚོགས་མགོ་བརྩམས་པ།

    2013-04-30 10:57

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚོགས་ཡུན་ཉིན་གསུམ་ཡིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་སྤྱི་ཚོགས་ཨུ་ཡོན་ལྷན་ཁང་གི་ལོ་ཚོགས་སྐབས་རེ་དགུ་བའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ཚེར་ཉེར་དགུ་ཉིན་མན་ཀུའུ་ནས་ཚོགས་མགོ་བརྩམས། ཀྲུང་གོའི་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ལས་རོགས་པ་མཱ་ཁྲའོ་ཞུའུ་ཡིས་ཀྲུང་གོའི་སྲིད་གཞུང་གི་འཐུས་ཚབ་ཚོགས་པ་ཁྲིད་དེ་གྲོས་ཚོགས་སུ་ཞུགས་པར་མ་ཟད་གཏམ་བཤད་སྤེལ། ཐེངས་འདིའི་གྲོས་ཚོགས་ཀྱི་བརྗོད་སྙིང་ནི་གོ་སྐབས་དམ་འཛིན་བྱས་ཏེ་རང་བྱུང་གནོད་འཚེ་དང་དཔལ་འབྱོར་གྱི་གྱོང་གུད་ཆེན་པོ་སྔོན་འགོག་བྱེད་པའི་ནུས་པར་ཤུགས་སྣོན་དགོས་ཞེས་པ་དེ་ཡིན་ལ། དེང་སྐབས་ཀྱི་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་སྤྱི་ཚོགས་ཁྱབ་ཁོངས་སུ་འཕྲད་པའི་གོ་སྐབས་དང་འགྲན་རྩོད། འཕེལ་རྒྱས་བསམ་ཕྱོགས་བཅས་ལ་གྲོས་བསྡུར་བྱས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ་ཨེ་ལེ་ཡཱ་སུང་དང་འབར་མའི་ཙུང་ཐུང་བུའུ་ཏིན་ཧྲིན། ཤར་ཏི་ཝུན་གྱི་ཙུང་ལི་ཀུའུ་སི་མང་སོགས་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་སྤྱི་ཚོགས་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་རྒྱལ་ཁབ་དག་གི་མགོ་ཁྲིད་པ་དང་། པུའུ་ཀྲང་རིམ་པའི་དཔོན་པོ་དང་འཐུས་མི་བཅས་གྲོས་ཚོགས་སུ་ཞུགས། ཚོགས་མགོ་རྩོམ་པའི་མཛད་སྒོ་མ་སྤེལ་གོང་། གྲོས་ཚོགས་ལ་ཞུགས་མཁན་ཚང་མས་མཉམ་དུ་ཉེ་སྔོན་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་གནོད་འཚེ་ཆེན་མོའི་ཁྲོད་རྐྱེན་ལམ་དུ་ཤོར་བའི་ཤི་བོར་མྱ་ངན་ཞུས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག