མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

འཇར་པན་དང་ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་གྱིས་ཚེས་སུམ་ཅུའི་ཉིན་གྲོས་མོལ་བྱས་ཏེ་རྒྱལ་སྲུང་མཉམ་ལས་བྱེད་ཕྱོགས་བཟོ་བཅོས་བྱེད་པར་གྲོས་བསྡུར་བྱེད་རྒྱུ་ཡིན་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-04-30 09:43

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་པན་གྱི་རྒྱལ་སྲུང་བློན་ཆེན་ཞའོ་ཡེ་སི་བུའུ་ཏེན་ཚེས་ཉེར་དགུའི་ཉིན་ཝ་ཧྲིན་ཏོན་དུ་སོང་ནས། ཚེས་སུམ་ཅུའི་ཉིན་ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཧཱ་ཀིར་དང་གྲོས་མོལ་བྱེད་རྒྱུ་རེད། ཞའོ་ཡེ་སི་བུའུ་ཏེན་གྱི་ཐེངས་འདིའི་འཚམས་འདྲིའི་དམིགས་ཡུལ་གཙོ་བོ་ནི་རང་སྲུང་དམག་དཔུང་དང་ཨ་མེ་རི་ཁའི་དམག་དཔུང་བར་གྱི་མཉམ་ལས་རྣམ་པ་གཏན་འཁེལ་བྱེད་པའི་འཇར་པན་དང་ཨ་མེ་རི་ཁའི་རྒྱལ་སྲུང་མཉམ་ལས་བྱེད་ཕྱོགས་ཀྱི་བཟོ་བཅོས་འཕེལ་རིམ་ཇེ་མགྱོགས་སུ་གཏོང་བའི་ཆེད་དུ་རེད།

ཁྲའོ་ཞན་གྱིས་འཕུར་མདའ་གཏོང་འཕེན་བྱེད་པའི་གནས་ཚུལ་ཐད་ནས་ཕྱོགས་གཉིས་ཀྱིས་འཇར་པན་དང་ཨ་མེ་རི་ཁས་མུ་མཐུད་དུ་མཉམ་ལས་བྱས་ཏེ་གསང་འཕྲིན་འཚོལ་སྡུད་དང་ལྟ་ཞིབ་ནན་མོ་བྱེད་རྒྱུ་ཁས་ལེན་བྱས། ཕྱོགས་གཉིས་ཀྱིས་ད་རུང་འཇར་པན་དང་ཨ་མེ་རི་ཁའི་མནའ་མཐུན་འབྲེལ་བར་ཤུགས་སྣོན་བྱས་ན་ཨེ་ཤ་ཡཱ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་ཞི་བདེ་དང་བརྟན་འཇགས་ལ་ཕན་པ་ཡོད་པ་ཁྱབ་སྒྲོག་བྱས།

དེ་ནི་ཞའོ་ཡེ་སི་བུའུ་ཏེན་དང་ཧཱ་ཀིར་གཉིས་ཀྱིས་རྒྱལ་སྲུང་བློན་ཆེན་གྱི་འགན་ཁུར་རྗེས་ཐོག་དང་པོར་གྲོས་མོལ་བྱས་པ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག