ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ཐཱ་ལེའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། དབྱི་ཐཱ་ལིའི་ཙུང་ལིའི་བཞུགས་ཤག་གི་ཐང་ཆེན་དུ་ཚེས་ཉེར་བརྒྱད་ཉིན་གྱི་སྔ་དྲོར་མེ་མདས་བརྒྱབ་པའི་དོན་རྐྱེན་ཞིག་བྱུང་སྟེ། མི་གསུམ་ལ་རྨས་ཕོག
ས་དེའི་བརྙན་འཕྲིན་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། མེ་མདས་བརྒྱག་མཁན་ནི་དབྱི་ཐཱ་ལེའི་མི་ཞིག་ཡིན་པ་དང་། མིག་ལ་ལུའུ་དབྱེ་ཅི་ཕུའུ་ལོས་དབྱེ་ཏིས་ཟེར་ཞིང་། གཅིག་སྟོང་དགུ་བརྒྱ་རེ་བཞི་ལོར་སྐྱེས་པ་རེད། ཉེན་རྟོག་ཕྱོགས་ཀྱིས་རྟོག་ཞིབ་རགས་ཙམ་བྱས་པ་ལྟར་ན་མི་དེའི་སེམས་ཁམས་ལ་གནད་དོན་ཡོད་ཟེར། ཁོས་མེ་མདས་བརྒྱབ་རྗེས་འབྲོ་རྩིས་བྱས་ཀྱང་ཉེན་རྟོག་ཕྱོགས་ཀྱིས་འཛིན་བཟུང་བྱས་པ་རེད།
བསྒྲགས་པའི་གནས་ཚུལ་ལྟར་ན། རྨས་མའི་ཁྲོད་དམག་མི་གཉིས་དང་། བུད་མེད་གནས་སྐོར་བ་གཅིག་བཅས་ཡོད། རྨས་མ་དེ་གསུམ་ལ་ཚེ་སྲོག་གི་ཉེན་ཁ་མེད་ཟེར།
མེ་མདས་བརྒྱབ་པའི་དོན་རྐྱེན་བྱུང་སྐབས། དབྱི་ཐཱ་ལེའི་ནེ་ཀི་གསར་བས་ཙུང་ཐུང་བཞུགས་ཤག་ཏུ་ལས་འགན་ཁུར་བའི་དམ་བཅའ་འཇོག་བཞིན་ཡོད། བདེ་འཇགས་ལ་བསམ་བློ་བཏང་སྟེ་དམ་བཅའ་བཞག་པའི་ནེ་ཀི་གསར་བ་དག་མེ་མདས་བརྒྱབ་པའི་དོན་རྐྱེན་བྱུང་རྗེས་ཙུང་ཐུང་བཞུགས་ཤག་ཏུ་ཡུད་ཙམ་ལས་མ་བསྡད་པ་དང་། སྔོན་ཕྱི་དྲོའི་དུས་ཚོད་གསུམ་སྟེང་བསྡུ་བར་ཐག་བཅད་པའི་ནེ་ཀིའི་གྲོས་ཚོགས་ཐེངས་དང་པོ་དེ་དུས་ཚོད་གཉིས་ཀྱིས་སྔོན་ལ་བསྣུར། གསར་དུ་འགན་ཁུར་བའི་ནང་སྲིད་བློན་ཆེན་ཨ་ཨར་ཧྥ་ནོའུ་སྨན་ཁང་དུ་སོང་ནས་རྨས་མ་འཚམས་འདྲི་བྱས། །