མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧན་གོས་ཁྲའོ་ཞན་གྱིས་དམག་དོན་སྦྱོང་བརྡར་བྱ་འགུལ་ཆེན་པོ་ཞིག་ལ་གྲ་སྒྲིག་བྱེད་བཞིན་ཡོད་པ་དང་ཕེན་རང་གྱིས་གོ་སྐབས་དེ་ལ་བརྟེན་ནས་འཕུར་མདའ་གཏོང་འཕེན་བྱེད་པར་སེམས་ཁུར་བྱེད་བཞིན་ཡོད་པར་བཤད་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-04-30 09:42

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁྲའོ་ཞན་གྱིས་ཨ་མེ་རི་ཁ་དང་ཧན་གོའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་ལ་སྐྱོན་བརྗོད་མང་དུ་བྱེད་པའི་སྐབས་འདིར། ཁྲའོ་ཞན་ཕྱོགས་ཀྱིས་ཧོང་ཧེ་མཚོ་འགྲམ་ནས་གཞི་རྒྱ་ཆེ་བའི་མཁའ་ལམ་དང་སྐམ་སའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་བྱ་འགུལ་ཞིག་སྤེལ་བར་གྲ་སྒྲིག་བྱེད་བཞིན་ཡོད།

ཧན་གོའི་སྲིད་གཞུང་གི་དཔོན་པོ་ཞིག་གིས་བཤད་རྒྱུར། གསང་འཕྲིན་ལས་ཁུངས་ཀྱིས་རྩད་ཆོད་པའི་སྣང་ཚུལ་ལྟར་ན། སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་དེས་ཕེན་ཨན་ལྷོ་ལམ་གྱི་ནན་ཕུའུ་གྲོང་ཁྱེར་ནས་གནམ་གྲུ་དང་གཡུལ་འཐབ་སྒྱོགས་དམག་ཞུགས་པའི་དམག་དོན་སྦྱོང་བརྡར་ཞིག་སྤེལ་རྩིས་ཡོད་ཟེར། ནན་ཕུའུ་ནི་ཕེན་ཨན་ལྷོ་ལམ་གྱི་འདུས་སྡོད་མི་གྲངས་ཆེས་མང་བའི་གྲུ་ཁའི་གྲོང་ཁྱེར་ཞིག་ཡིན་པ་དང་། ཁྲའོ་ཞན་གྱི་རྒྱལ་སའི་ལྷོ་ནུབ་ཕྱོགས་སུ་གནས་ཡོད།

ཐོབ་ཐང་བཤད་མི་འདོད་པའི་དཔོན་པོ་དེས་བཤད་རྒྱུར། དམག་དོན་སྦྱོང་བརྡར་བྱ་འགུལ་དེ་དུས་ནམ་ཞིག་ལ་སྤེལ་བ་གསལ་བོར་མི་ཤེས་ཀྱང་། ཁྲའོ་ཞན་གྱིས་འཕེན་ཚད་ཐུང་བའི་འཕུར་མདའ་གཏོང་འཕེན་བྱས་ཏེ་རང་ཉིད་ཀྱི་ནུས་པ་མངོན་པའི་ཐབས་ལམ་དུ་བྱེད་སྲིད་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག