མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

བྷང་ག་ལཱ་རྒྱལ་ཁབ་ཀྱིས་ཐོག་ཁང་རྡིབས་པའི་དོན་རྐྱེན་གྱི་དོགས་ཡོད་ཉེས་ཅན་ལྔ་འཛིན་བཟུང་བྱས་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-04-30 09:42

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བྷང་ག་ལཱ་རྒྱལ་ཁབ་ཀྱི་ཉེན་རྟོག་ཕྱོགས་ཀྱིས་ཚེས་ཉེར་བདུན་ཉིན་ཐོག་ཁང་རྡིབས་པའི་དོན་རྐྱེན་ལ་འབྲེལ་བ་ཡོད་པའི་དོགས་ཡོད་ཉེས་ཅན་ལྔ་འཛིན་བཟུང་བྱས་པ་དང་། ཐོག་ཁང་དེའི་ནང་དུ་ཡོད་པའི་བཟོ་གྲྭ་གསུམ་གྱི་མགོ་གཙོ་གསུམ་དང་གྲོང་སྲིད་བཟོ་སྐྲུན་པ་གཉིས་བཅས་འདུས།

རྒྱལ་ས་ཏཱ་ཁཱའི་ཉེན་རྟོག་ཕྱོགས་ཀྱི་མགྲིན་ཚབ་པ་ལཱ་ཧི་མན་གྱིས་བཤད་རྒྱུར། བཟོ་གྲྭའི་མགོ་གཙོ་གཉིས་ཚེས་ཉེར་བདུན་ཉིན་གྱི་ཞོགས་པར་འཛིན་བཟུང་བྱས་པ་དང་། བཟོ་གྲྭའི་མགོ་གཙོ་གཞན་པ་ཞིག་ཉིན་དེའི་དགོང་མོར་འཛིན་བཟུང་བྱས་པ་ཡིན་ལ། མི་དེ་གསུམ་ལ་སྣང་མེད་དུ་བསྐྱུར་བའི་ཉེས་པ་བཀལ་ནས་སྐྱོན་འཛུགས་བྱས།

རྡིབས་སྐྱོན་ཤོར་བའི་ཐོག་ཁང་དེའི་ནང་བསྡོམས་པས་བཟོ་གྲྭ་ལྔ་ཡོད་པ་དང་། ཉེན་རྟོག་ཕྱོགས་ཀྱིས་བཟོ་གྲྭ་གཞན་པ་གཉིས་ཀྱི་མགོ་གཙོ་དང་ཐོག་ཁང་དེའི་ལས་བདག་བརྩད་གཅོད་བྱེད་བཞིན་ཡོད། ཉེན་རྟོག་ཕྱོགས་ཀྱིས་དོན་རྐྱེན་བྱུང་སའི་ཉེ་འདབས་སུ་ཡོད་པའི་ལས་བདག་དེར་དབང་བའི་ཐོག་ཁང་གཞན་ཞིག་བཀག་སྡོམ་བྱས་པ་དང་། ཐོག་ཁང་དེ་ལའང་གས་སྲུབས་མང་བོ་བྱུང་ཡོད།

ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། གྲོང་སྲིད་བཟོ་སྐྲུན་པ་གཉིས་ཀྱིས་ཚེས་ཉེར་གསུམ་ཉིན་ཐོག་ཁང་མ་རྡིབས་གོང་བྱུང་བའི་གས་སྲུབས་ལ་བྱས་ཏེ། ཐོག་ཁང་གི་བདེ་འཇགས་ལ་གནད་དོན་མེད་པར་ཁས་ལེན་བྱས་མྱོང་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག