མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

སི་ལོ་ཝུན་ནེ་ཡཱ་ཡིས་འགོག་རྒོལ་ཉིན་མོའི་རྗེས་དྲན་བྱ་འགུལ་སྤེལ་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-04-28 11:00

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སི་ལོ་ཝུན་ནེ་ཡཱའི་ས་ཆ་སོ་སོས་སྤྱི་ཟླ4བའི་ཚེས27ཉིན་འགོག་རྒོལ་ཉིན་མོའི་རྗེས་དྲན་བྱ་འགུལ་སྤེལ་ཏེ། སི་ལོ་ཝུན་ནེ་ཡཱའི་མི་དམངས་ཀྱིས་འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་འཇར་མན་དང་དབྱི་ཐཱ་ལེའི་བཙན་བཟུང་དམག་དཔུང་གི་འགོག་རྒོལ་བྱས་ཏེ་རྒྱལ་ཁ་བླངས་པར་རྗེས་དྲན་བྱས།

སི་ལོ་ཝུན་ནེ་ཡཱའི་ཙུང་ཐུང་ཕཱ་ཧའོ་ཨར་རྒྱལ་ས་ལུའུ་པུའུ་ཨར་ཡཱ་ནཱ་ནས་བསྡུས་པའི་རྗེས་དྲན་བྱ་འགུལ་ལ་ཞུགས་ཏེ་ཞུ་ཚིག་ཕུལ་ཏེ། འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་སུ་ཕྱི་རྒྱལ་གྱི་བཙན་བཟུང་དམག་དཔུང་ལ་འགོག་རྒོལ་བྱེད་པའི་ལས་འགུལ་སྤེལ་ཏེ་མི་རིགས་ཀྱི་འཚོ་སྡོད་དང་རང་དབང་ཁེ་དབང་ལ་སྲུང་སྐྱོབ་བྱས། དེ་ལ་སི་ལོ་ཝུན་ནེ་ཡཱའི་ལོ་རྒྱུས་སྟེང་གོ་གནས་གལ་ཆེན་ཡོད་པར་མ་ཟད། ད་ལྟའི་སི་ལོ་ཝུན་ནེ་ཡཱའི་མི་དམངས་ལ་ཡིད་ཆེས་ཆགས་པར་བྱས་ཏེ་རྒྱལ་ནང་གི་དངུལ་ལོར་ཉམས་ཉེན་སེལ་བ་དང་མི་རིགས་དཔལ་འབྱོར་དར་རྒྱས་སུ་གཏོང་བར་ཕན་པ་ཡོད་ཟེར།

སི་ལོ་ཝུན་ནེ་ཡཱའི་གྲོས་ཁང་གི་གྲོས་དཔོན་ཝེ་པེ་ཨར་དང་སྔོན་ཆད་ཀྱི་ཙུང་ཐུང་ཐུའུ་ཨར་ཁི་དང་ཁུའུ་ཁྲང་། འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་ཀྱི་དམག་མི་རྒན་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་སི་ཐཱ་ནོའུ་ཧྥུའུ་ནེ་ཁི་སོགས་ཉིན་དེར་ཙུང་ཐུང་བཞུགས་ཤག་ནས་སྤེལ་བའི་འགོག་རྒོལ་ཉིན་མོའི་རྗེས་དྲན་བྱ་འགུལ་ལ་ཞུགས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག