ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སིའི་ཙུང་ལི་ཨེ་ལོ་ཡིས་སྤྱི་ཟླ4བའི་ཚེས27ཉིན་རང་ཉིད་ཀྱི་དྲ་ཚིགས་སྟེང་རྩོམ་ཡིག་སྟེང་ཏེ། ཡོ་རོབ་གླིང་གི་མཉམ་ལས་ལ་ཡར་སྐུལ་བྱེད་པ་དང་དཔལ་འབྱོར་འཕར་སྣོན་སླར་གསོ་བྱེད་པར་ཧྥ་རན་སི་དང་འཇར་མན་གྱི་མཛའ་བརྩེ་མེད་དུ་མི་རུང་ཟེར། ཧྥ་རན་སི་དང་འཇར་མན་བར་གྱི་ལྷག་བསམ་རྣམ་དག་གི་གྲོས་མོལ་མེད་ན། ཡོ་རོབ་གླིང་གི་གནད་དོན་ཐག་གཅོད་བྱེད་ཐབས་མེད་ཟེར།
ཧྥ་རན་སིའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཧྥ་རན་སིའི་སྲིད་འཛིན་ཏང་སྤྱི་ཚོགས་ཏང་གིས་ཚེས26ཉིན་ཡོ་རོབ་གླིང་ལ་འབྲེལ་བའི་ཡིག་ཆའི་འཆར་ཟིན་ཞིག་གི་ནང་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་གྱི་རང་ཁེ་ཁོ་ན་བསམ་པའི་མཐུན་སྦྱོར་མི་བྱེད་པའི་རྣམ་འགྱུར་ལ་སྐྱོན་འཛུགས་བྱས་པ་དང་། སྤྱི་ཚོགས་ཏང་གི་མགོ་ཁྲིད་པས་ཟླ་འདིའི་ཚེས30ཉིན་ཡིག་ཆའི་འཆར་ཟིན་དེ་ལ་གྲོས་ཞིབ་བྱེད་རྒྱུ་རེད།
ཡིག་ཆའི་འཆར་ཟིན་དེའི་འགན་ཁུར་མི་སྣ། ཧྥ་རན་སིའི་སྤྱི་ཚོགས་ཏང་གི་རྒྱལ་སྤྱིའི་ཧྲུའུ་ཅི་ཀང་པཱ་ཏི་ལེ་སི་ཡིས་ཚེས27ཉིན་བསྟན་དོན། ཁོས་རེ་བ་བཏོན་པ་ལྟར་ཡིག་ཆའི་འཆར་ཟིན་ཁྲོད་ཀྱི་མའོ་ཁི་ཨར་ལ་སྐྱོན་འཛུགས་ནན་མོ་བྱེད་པའི་ནང་དོན་མེད་པར་བཟོས་ཡོད་ཟེར། །