མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཁྲའོ་ཞན་གྱིས་ཁའེ་ཁྲིན་བཟོ་ལས་ར་བ་འཇིག་ཉེན་ཡོད་པར་བཤད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-04-28 10:59

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁྲའོ་ཞན་ཀྲུང་དབྱང་དམིགས་བསལ་གསར་སྤེལ་མཛུབ་སྟོན་སྤྱི་ཁྱབ་ཅུའུ་ཡི་མགྲིན་ཚབ་པས་སྤྱི་ཟླ4བའི་ཚེས27ཉིན་ཧན་གོས་ཁའེ་ཁྲིན་བཟོ་ལས་ར་བ་ནས་ཧན་གོའི་མི་སྣ་ཚང་མ་ཕྱིར་འཐེན་བྱེད་རྒྱུ་ཐག་བཅད་པའི་གནད་དོན་ཐད་ནས་གསར་འགོད་པའི་དྲི་བར་ལན་འདེབས་སྐབས་བསྟན་དོན། མིག་སྔར་ཁའེ་ཁྲིན་བཟོ་ལས་ར་བ་འཇིག་ཉེན་ཡོད་ལ། གལ་ཏེ་ཁའེ་ཁྲིན་བཟོ་ལས་ར་བའི་སྒོ་དངོས་སུ་བརྒྱབ་ན་ཧན་གོ་ཕྱོགས་ཀྱིས་འགན་ཡོངས་རྫོགས་འཁུར་དགོས་ཟེར།

མགྲིན་ཚབ་པ་དེས་བཤད་རྒྱུར། ཧན་གོའི་སྲིད་གཞུང་གིས་སྤྱི་ཟླ4བའི་ཚེས26ཉིན་གསལ་སྒྲོག་སྤེལ་ཏེ། ཁའེ་ཁྲིན་བཟོ་ལས་ར་བའི་གནས་བབ་འགྱུར་བའི་འགན་འཁྲི་ཁྲའོ་ཞན་གྱི་མགོ་ལ་བཙན་འཇོག་བྱས་པ་དང་། དེ་ནི་དཀྲུག་འཕེན་གྱི་བྱ་སྤྱོད་ཅིག་རེད། ཧན་གོ་ཕྱོགས་ཀྱི་བྱ་སྤྱོད་ཀྱི་དབང་གིས་ལོ་ངོ་བཅུ་ཙམ་གྱི་རིང་ལ་མི་རིགས་དང་འཛམ་གླིང་ཡོངས་ཀྱི་ཐུགས་ཁུར་འོག་རྒྱུན་ལྡན་ངང་བདག་གཉེར་བྱས་པའི་ཁའེ་ཁྲིན་བཟོ་ལས་ར་བའི་ལས་མཚམས་བཞག་པ་དང་། བཟོ་ལས་ར་བ་དེའི་སྒོ་དུས་གཏན་དུ་རྒྱག་པའང་དུས་ཚོད་ཀྱི་གནད་དོན་ཙམ་རེད་ཟེར།

མགྲིན་ཚབ་པ་དེས་བསྟན་དོན། གལ་ཏེ་ཁའེ་ཁྲིན་བཟོ་ལས་ར་བའི་སྒོ་བརྒྱབ་ན། ཧན་གོ་ཕྱོགས་ལ་གྱོང་གུད་ཆེན་པོ་ཐེབས་སྲིད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག