མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

འཇར་པན་གྱི་ནེ་ཀིའི་གྲོས་མི་ཕྱེད་ཀས་ངལ་གསོའི་སྐབས་སུ་ཕྱི་རྒྱལ་དུ་འཚམས་འདྲི་བྱེད་པར་སྐྱོན་བརྗོད་ཐོབ་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-04-28 10:59

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ4བའི་ཚེས27ཉིན་འཇར་པན་ལ་ཡུན་རིང་གི་གནང་བ་བྱིན་པ་དང་། དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་གྱི་ནེ་ཀི་གསུམ་གྱི་ཁྲོད་ནེ་ཀིའི་གྲོས་མི་ཕྱེད་ཀ་ཡན་ལ་ངལ་གསོའི་སྐབས་སུ་ཕྱི་རྒྱལ་དུ་འཚམས་འདྲི་བྱེད་རྒྱུའི་འཆར་གཞི་ཡོད་པ་དང་། སྲིད་འཛིན་ཏང་ནང་ཁུལ་དུ་དེ་ལ་སྐྱོན་བརྗོད་བྱེད་བཞིན་ཡོད།

ད་ལོའི་ལྔ་གཅིག་གི་ངལ་གསོའི་ཡུན་ཚད་ནི་སྤྱི་ཟླ4བའི་ཚེས27ཉིན་ནས་སྤྱི་ཟླ5བའི་ཚེས6ཉིན་བར་ཡིན། ཨན་པའེ་ཅིན་སན་གྱིས་ཚེས28ཉིན་ནས་བཟུང་ཨུ་རུ་སི་དང་སོ་ཏི་ཨ་རབ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། ཐུར་ཁེ་བཅས་ལ་འཚམས་འདྲི་བྱེད་རྒྱུ་ཡིན་པ་དང་། ཚོད་དཔག་བྱས་ན་སྤྱི་ཟླ5བའི་ཚེས4ཉིན་ཕྱིར་ལོག་རྒྱུ་རེད། ཁོ་ནི་ལོ་ངོ10ཡི་ནང་ཐོག་དང་པོར་ཨུ་རུ་སི་ལ་དངོས་གཞིའི་འཚམས་འདྲི་བྱས་པའི་འཇར་པན་གྱི་དབུ་བཞུགས་བློན་ཆེན་རེད། མི100ལས་བརྒལ་བའི་བཟོ་ཚོང་ལས་རིགས་ཀྱི་འཐུས་ཚབ་ཚོགས་པ་ཞིག་ཁོ་དང་མཉམ་དུ་འཚམས་འདྲིར་འགྲོ་རྒྱུ་རེད།

ནེ་ཀིའི་གྲོས་མི18ཁྲོད་ནས་གྲོས་མི11གིས་ཕྱི་རྒྱལ་དུ་འཚམས་འདྲི་བྱེད་རྒྱུ་ཡིན་པ་དང་། དེའི་ནང་དབུ་བཞུགས་བློན་ཆེན་གཞོན་པ་དང་ནོར་སྲིད་བློན་ཆེན་གྱི་འགན་གཅིག་ལྕོགས་སུ་ཁུར་མཁན་མཱ་ཧྲིན་ཐེ་ལིང་གིས་རྒྱ་གར་དང་སང་ག་ལཱ་རྒྱལ་ཁབ་ཏུ་འཚམས་འདྲི་བྱས་ཏེ་རྒྱལ་སྤྱིའི་གྲོས་ཚོགས་ལ་ཞུགས་རྒྱུ་ཡིན་པ་དང་། རྒྱལ་སྲུང་བློན་ཆེན་ཞའོ་ཡེ་སི་བུའུ་ཏེན་གྱིས་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད། ཕྱི་འབྲེལ་བློན་ཆེན་ཨན་ཐེན་བུན་ཞོང་གིས་མའོ་ཞི་ཁོ་དང་ཕེ་རུ། ཕཱ་ནཱ་མཱ་བཅས་ལ་འཚམས་འདྲི་བྱེད་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག