མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

བྷང་ག་ལཱའི་ཐོག་ཁང་རྡིབས་པ་ལས་ཤི་བོའི་མི་གྲངས352ལ་འཕར་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-04-28 10:59

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བྷང་ག་ལཱའི་ཉེན་རྟོག་ཕྱོགས་ཀྱིས་སྤྱི་ཟླ4བའི་ཚེས27ཉིན་བདེན་དཔང་བྱས་པ་ལྟར་ན། བྷང་ག་ལཱའི་རྒྱལ་ས་ཏཱ་ཁའི་ཉེ་འདབས་ཀྱི་སཱ་ཝར་གྲོང་རྡལ་ནས་ཚེས24ཡི་ཉིན་བྱུང་བའི་ཐོག་ཁང་རྡིབས་པའི་དོན་རྐྱེན་ལས་མི352རྐྱེན་ལམ་དུ་ཤོར་བ་དང་། མི2500ལྷག་ལ་རྨས་ཕོག དེ་ནི་བྷང་ག་ལཱའི་ལོ་རྒྱུས་སྟེང་ཆེས་ཚབས་ཆེ་བའི་ཐོག་ཁང་རྡིབས་པའི་དོན་རྐྱེན་ཞིག་རེད།

ས་དེའི་ཉེན་རྟོག་དཔོན་པོ་ཨ་ལཱ་མུའུ་ཧན་གྱིས་གསར་འགོད་པར་བཤད་རྒྱུར། རྒུད་སྐྱོབ་མི་སྣས་ཉིན་དེར་བསྡོམས་པས་མི29ཡི་སྲོག་བསྐྱབས་པ་དང་། ཁང་བའི་ཞིག་རོའི་འོག་ཏུ་ད་རུང་མི་སྔེ་ལས་མང་པོ་མནན་ཡོད་སྲིད་ཟེར།

ཉེན་རྟོག་ཕྱོགས་ཀྱིས་ཚེས27ཉིན་ད་རུང་མི761གར་སོང་མ་རྙེད་པའི་མིང་ཐོ་ཞིག་ཁྱབ་སྒྲོག་བྱས། མིང་ཐོ་དེ་ནི་རྡིབས་སྐྱོན་ཤོར་བའི་ལཱ་ནཱ་ཉོ་ཚོང་ལྟེ་གནས་ཀྱི་ཐོག་ཁང་ཆེན་མོའི་བྱ་བའི་མི་སྣའི་གཉེན་ཉེ་ཡིས་འདོན་སྤྲོད་བྱས་པའི་གནས་ཚུལ་ལས་སྤྱི་བསྡོམས་བྱས་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག